ངེད་ཀྱི་སྐོར།

ཟིན་བྲིས་པ།

ཟིན་བྲིས་པ།
དངོས་མིང་བསམ་གཏན་རྒྱ་མཚོ་དང་། སྙུག་མིང་འབའ་སྲས། མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས་འབའ་ཁ་སྒང་ཞེས་པའི་གྲོང་སྡེ་རུ་སྐྱེས། རང་ལོ་དགུ་བ་ཙམ་ནས་གྲོང་པའི་སློབ་གྲྭ་དང་རིམ་པས་གྲྭ་བའི་ཆོས་ར་ཡང་འགྲིམས་ མྱོང་ལ། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་། སྔ་རྗེས་སུ་བཙུན་མའི་དགོན་པ་དང་།...
>>

ངེད་ཀྱི་སྐོར།

Date
By
Subject

དེ་འདྲ་རེད

ཀྱེ་ང་ཡི་སྲས་འབའ་སྲས་ལགས།
ཉིན་མཚན་མེད་སྙན་ངག་ཕྲིས་

Date
By
Subject

རྟོགས་པ།

བརྩེ་བའི་ཁ་བརྡ་གི་དྲ་གྲོགས་རྣམས་པ་ལགས་ ང་ལ་དོག་པ་ཞིག་ཡོད་པ་ནི་ང་ཚོ་བོད་ཀྱི་ལུགས་སྲོལ་ལ་བསང་ཕུད་དུས་སྐབས་སུ་དམིགས་གསལ་ཀྱི་ཁམས་དང་ཨ་མདོ་ཕྱོགས་སུ་བུད་མེད་ལ་བསང་བཏང་བའི་ཐོབ་ཐང་དང་ཀུན་སྙོམས་མེད་ཀི། ཡིན་ན་ཡང་རྒྱ་གར་དང་དབུས་གཙང་སུ་བཞུགས་པའི་བུད་མེད་ཚོས་རྒྱུན་དུ་བསང་བཏང་གི་ཡོད་པ་ནི་བདག་གིས་སྨོས་མ་དགོས་སོ། དེ་བཞིན་བོད་ཆོལ་ཀ་གསུམ་གྱི་ནང་ཁུལ་དུ་འདི་འདྲའི་ལུགས་སྲོལ་གཉིས་ཡོད་པ་ཅི་ཞིག་ཡིན་པ་བདག་ལ་འགྲེལ་བཤད་ཞིག་གནང་བ་སྙིང་ནས་བཀའ་དྲིན་ཆེ་ཞུ་ཞུ། གསེར་མཚོ་ནས

Date
By
Subject

Re: རྟོགས་པ།

གསེར་མཚོ་ལགས། འདིར་ཕེབས་པར་མཚམས་འདྲི་དང་དགའ་བསུ་ཞུ། ངའི་ཕ་ཡུལ་ལ་མཚོན་ན་ཕོ་མོ་ཁྱད་པར་མེད། ཨ་མས་རྒྱུན་དུ་བསང་ཕུལ་གི་རེད།

Date
By
Subject

དགེན་ལགས། ཁམས་བཟང་།

ཁྱེད་ཀྱི་སྒེར་གཉེར་དྲ་བ་བཟོས་ཡོད་པ་དེ་རིང་མ་གཏོགས་མ་ཤེས། དེ་བས་ང་ཁྱོད་ཀྱི་ཀློག་པ་པོ་དཀྱུས་མ་ཞིག་འགྱུར་བར་སྨོན།

Date
By
Subject

Re: དགེན་ལགས། ཁམས་བཟང་།

སྔོན་ཞིག་ནས་ཡོད་མོད། དེ་རིང་མ་གཏོགས་ཁ་པར་ཐོག་རྩོམ་ཡིག་འཇོག་མ་ཐུབ་པས་ལོ་གཅིག་རིང་ཙམ་ལ་བདག་མེད་དུ་གྱུར། དེ་རིང་ནས་ཇ་ཞིག་སྐོལ་བཞིན་ཡོད། ཡང་ཡང་མགྲོན་དུ་བསུ།

Date
By
Subject

ཇཇ

སྙན་ངག་ལ་དགའ་བའི་སྙན་ངག་མ་ཤེས་མཁན་ནི་ང་རེད

Date
By
Subject

ཁམས་བཟང།

རྒན་ལགས་ལགས་ཁྱེད་ནས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ངེད་དང་ངེད་འདྲ་བའི་ན་གཞོན་སྙན་ངག་ལ་དགའ་མོས་བྱེད་མཁན་ཚོའི་སླད་ཟུར་དུ་རང་ངོས་ནས་ཟིན་ཟོ་ཡི་དྲ་ཚིག་ཞིག་བཟོས་པ་ལ་སྙིང་དབུས་ནས་དགའ། དེ་སྔོན་གང་ཉིད་ནས་བརྩམ་པའི་སྙན་ངག་དེབ་གཅིག་ཙམ་སློབ་གྲྭར་བསྡད་པའི་རིང་ངེད་ནས་བལྟ་ཀློ་མྱོང་དུས་དེ་ནས་བཟུང། ངེད་རང་ཡང་སྙན་ངག་ལ་དགའ་མོས་འགྱུར། ཁྱེད་ནི་ངོ་མ་ངའི་རང་གི་སྙན་ངག་གི་བསློབ་སྟོན་པ་ཞིག་ཡིན་ལ་ངེད་རང་གི་ཐར་ཐོར་ཚིགས་བཅད་འགའ་གཤོག་བུ་དཀར་པོའི་སྟེང་བཀོད་ཐུབ་པ་ཡང་གང་ཉིད་ཀྱི་བཀའ་དྲིན་ཡིན། དེ་རིང་སློབ་ཕྲུག་ཟུར་པ་ཞིག་གི་གང་ཉིད་ཀྱི་དྲྭ་ཚིག་དེ་ངེད་ལ་ངོ་སྤྲོད་གནང་བ་དེ་སླར་ཡང་གང་ཉིད་ངེད་རང་གི་སྙན་ངག་བསློབ་སྟོན་པ་མུ་མཐུད་འགྱུར་བའི་སྣང་བ་འཆར། ངེད་རང་ནས་གང་ཉིད་ཀྱི་བཀོད་པའི་སྙན་ངག་རེ་རེ་ཁྲ་ཆུག་མིག་དུ་མངོན་དུས་། ངེད་རང་ལ་ཡང་སྙན་ངག་ཐར་ཐོར་ཞིག་བྲིས་འདོད་པའི་ཚོར་བ་དྲག་པོ་སྡང་། དེ་ནི་གང་ཉིད་ཀྱི་བཀོད་པའི་སྙན་ཚིགས་དག་གི་སྦྱིན་པའི་ཚོར་སྣང་མངར་མ་ཞིག་ཡིན། དུས་དེ་རིང་ནས་བཟུང་ངེད་ཡང་གང་ཉིད་ཀྱི་སྙན་ངག་གི་ལམ་སྟོན་ལ་བརྟེན་ནས་ངེད་རང་ཡང་མ་འོངས་པ་ཁྱེད་དང་འདྲ་བའི་སྙན་ངག་མཁན་ཞིག་བྱེད་འདོད་པའི་སྨོན་ལམ་སྙིང་དབུས་འདེབསས་ལ་ཁོམ་པ་བྱུང་ཚེ་གང་ཉིད་ནང་ཀྱང་ངེད་རང་ལ་ལམ་སྟོན་གནང་རོགས་ཞེས་ལག་གཉིས་ཐལ་མོར་སྦྱར་ནས་སྐྱབས་འཇུག་ཞུ།།

Date
By
Subject

123456789

བདེ་མོ།

Date
By
Subject

འཚམས་འདྲི།

དེ་རིང་དྲ་ལམ་མྱུལ་མྱུལ་མཐར་ཉིད་ཚང་ལ་ཐོན་བཞག་ཐལ། ཧེ་ཧེ། སྐྱིད་པོ་རེད་ཡྰ། ངོ་མ་ཡག་པོ་འདུག། ད་རྗེས་མ་ནས་ནམ་ཞར་ནམ་ཞར་ཡོང་རྒྱུ་ཡིན་ལོ།

Date
By
Subject

Re: འཚམས་འདྲི།

ཕེབས་པས་དགའ། ཡང་ཡང་ཕེབས་པར་རེ།

1 | 2 | 3 | 4 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།