ང་ཡི་ཀ་ཁ་ང་ཡིས་སྦྱང་ཆོག

24/06/2011 22:52

ཁྱོད་ནི་བདག་གི་བླ་མ་མ་རེད།།

ང་ནི་ཁྱོད་ཀྱི་བདུད་བྱ་མ་ཡིན།།

ཁྱོད་ཀྱི་ལམ་སྟོན་བདག་ལ་མི་མཁོ།།

ང་ཡི་མདུན་ལམ་ང་ཡིས་བཙལ་ཆོག །

 

ཁྱོད་ནི་ང་ཡི་དགེ་རྒན་མ་རེད།།

ང་ནི་ཁྱོད་ཀྱི་སློབ་མ་མ་ཡིན།།

ཁྱོད་ཀྱི་སློབ་གསོ་བདག་ལ་མི་མཁོ།།

ང་ཡི་ཀ་ཁ་ང་ཡིས་སྦྱང་ཆོག །

 

ཁྱོད་ནི་བདག་གི་ཕ་མ་མ་རེད།།

ང་ནི་ཁྱོད་ཀྱི་བུ་ཕྲུག་མ་ཡིན།།

ཁྱོད་ཀྱི་བྱམས་སྐྱོང་བདག་ལ་མི་མཁོ།།

ང་ཡི་མི་ཚེ་ང་ཡིས་སྐྱེད་ཆོག །

 

ཁྱོད་ནི་བདག་གི་སྐྱབས་གནས་མ་རེད།།

ང་ནི་ཁྱོད་ཀྱི་སློང་མོ་མ་ཡིན།།

ཁྱོད་ཀྱི་འབྱོར་བ་བདག་ལ་མི་མཁོ།།

ང་ཡི་ལྟོགས་སྐོམ་ང་ཡིས་སེལ་ཆོག །

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།