བུད་མེད་ཀྱི་ཕྱི་ནང་གསང་གསུམ།

15/11/2014 12:27
 
  བུད་མེད་ཀྱི་ཕྱི་ནང་གསང་གསུམ།

འབའ་སྲས། 

མགོ་ཡི་སྐྲ་ལོ་སེར་ཞིང་ཅུང་ཟད་རྩུབ།།
ཁ་སྣ་སྟུག་ཅིང་རྐང་ལག་སྐེད་པ་རིང་།།
སྟུ་དང་ནུ་མའི་ངོས་སུ་རི་མོ་འབྲི།།
ཨ་མི་རི་ཀའི་ཕྱོགས་ཀྱི་བུད་མེད་དོ།།

ཁ་ཤ་ལྕེ་དང་སྣ་དང་རྣ་བ་དང་།།
ལྟེ་ཁ་སྟུ་ཁ་རྐུབ་ཁ་ལ་སོགས་པ།།
ཁ་ཞིག་ཡོད་ཚད་ལྕགས་ཀྱི་ཨ་ལོང་རྒྱུ།།
ཨེ་ཛི་ར་ཡི་ཡུལ་གྱི་བུད་མེད་དོ།།

ཁ་ཤ་མི་སྟུག་སྣ་ཡི་རྩེ་མོ་འབིག །
ཁོག་སྟོད་ཐུང་ཞིང་ཁོག་སྨད་རྐང་པ་རིང་།།
ཨོང་ཤ་རྒྱགས་ཤིང་བརླ་ཁ་གང་བ་ཅན།།
ཡོ་རོབ་གླིང་གི་བུད་མེད་ཕལ་ཆེར་རོ།།

ངོ་གདོང་དཀར་ཞིང་མིག་གི་དཀྱུས་ནི་རིང་།།
ནུབ་ཕྱོགས་པ་དང་བསྡུར་ན་ཁ་སྣ་ཆུང་།།
ཤར་ཕྱོགས་པ་དང་གཤིབ་ན་ཨོང་ཤ་ཆེ།།
ཁ་ཆེའི་ཡུལ་གྲུ་མང་བོའི་བུད་མེད་དོ།།

མགོ་སྐྱེས་ཐུང་ཐུང་མེ་ཡིས་འཚིག་པ་འདྲ།།
ཁ་སྣ་སྟུག་ཅིང་ཨོང་ཤ་དེ་བས་ཆེ།།
ཤ་མདོག་ནག་ཀྱང་རེག་བྱ་འཇམ་ཞིང་མཉེན།།
ལྷོ་གླིང་ཨ་ཧྥི་རི་ཀའི་བུད་མེད་དོ།།

གཟུགས་དང་ཁ་ངོ་རྒྱ་གར་ལྷོ་དང་མཚུངས།།
མདོག་དང་རེག་བྱ་ཨ་ཧྥི་རི་ཀ་འདྲ།།
བྲང་གི་ནུ་མ་ཕལ་ཆེར་བོད་མོ་བཞིན།།
ཤི་རི་ལིང་ཀའི་ཡུལ་གྱི་བུད་མེད་དོ།།

མིག་དང་ཁ་སྣ་ཅུང་ཙམ་བོད་དང་འདྲ།།
ལུས་ཀྱི་གྱོན་པ་རྒྱ་གར་བ་ཡི་ལུགས།།
སྣ་ཁུང་ཕུག་སྟེ་སྣ་ཀྱུ་ཆུང་ངུ་འདོགས།།
བལ་བོ་ཡུལ་གྱི་བུད་མེད་འདི་ལྟར་རོ།།

སྐེད་པ་ལྟེ་བ་སྟོན་ལ་ངོ་མི་གནོངས།།
མཚན་མ་ནུ་མ་འགེབ་ལ་ཤིན་ཏུ་གཟབ།།
ལུས་པོ་ཕྱི་དགྱེ་ནང་སྒུར་ཆེར་མེད་པ།།
རྒྱ་གར་ཡུལ་གྱི་བུད་མེད་ཚང་མ་འདྲ།།

མགོ་སྐྱེས་རིང་བོ་མི་འཇོག་བུ་དང་འདྲ།།
སྨད་ལ་རྐང་སྣམ་གྱོན་པའི་ལུགས་སྲོལ་མེད།།
རས་ལྭ་ཁྲ་ཁྲ་ཞིག་གིས་ལུས་པོ་བསྒྲིབས།།
འབྲུག་ཡུལ་རྒྱལ་ཁབ་བུད་མེད་འདི་ཙམ་ཉིད།།

སྟོད་དང་སྨད་ལ་སྦོམ་ཕྲའི་དབྱེ་བ་མེད།།
ཨོང་ཤ་སྐེད་པའི་བར་ན་བཟོ་ལྟ་མེད།།
མགོ་ནས་རྐང་བར་རྡོག་རྡོག་ལོག་ལོག་ཅིག །
ཉིན་ཧོང་མ་དང་ཀོ་རི་ཡ་དག་མཚུངས།།

འགའ་ཤས་བརླ་ཤ་སྦོམ་ཡང་ཨོང་ཤ་ཆུང་།།
ཁ་ཁེར་སྐེད་པ་རིང་ཡང་རྐང་བ་ཐུང་།།
ལ་ལའི་རྐུབ་ཤ་དར་ཡང་ནུ་མ་སྐམ།།
རང་རེའི་ཁ་བ་ཅན་དང་རྒྱ་ནག་པ།།

བུད་མེད་ཕྱི་ཡི་ལུས་གཟུགས་འདི་ལྟར་རོ།།
ནང་གི་བྱེད་སྒོ་འདོད་པ་འཕར་སྟངས་སོགས།།
སྐལ་ལྡན་འགའ་ཡིས་ཤེས་འདོད་ཡོད་གྱུར་ན།།
སུ་ཡི་སྐལ་དུ་མི་འཇོག་བདག་གིས་འཆད།།

དགའ་ན་དགའ་ཚོད་མི་ཟིན་དགོད་ཆོག་ཆོག །
སྐྱོ་ན་གཟོད་བསྲན་མི་ཐུབ་ངུ་ཆོག་ཆོག །
རང་གི་འདོད་པར་མི་མཐུན་གཡུག་ཆོག་ཆོག །
ནུབ་ཕྱོགས་ཡུལ་གྱི་བུད་མེད་ཐམས་ཅད་དོ།།

རང་ལས་མཛེས་ཤིག་མཐོང་ན་སེམས་པ་སྡུག །
ཁྱོ་བོ་མགོ་ལ་ཤོར་ན་ཐོབ་ཐང་རྩོད།།
རང་ལ་ཁེས་ཤིག་མེད་ན་མི་འགྲོགས་པ།།
ཡོ་རོལ་གླིང་ན་བུད་མེད་འདི་ལྟ་མང་།།

མི་ཚེ་འཆར་གཞི་སྔ་ནས་བསྒྲིག་མི་བྱེད།།
གནས་སྐབས་སྐྱིད་ཀྱང་རྒྱགས་ན་དེ་བས་འགྲིག །
འོན་ཀྱང་དོན་དག་ཆུང་ལ་རྩོད་པ་མང་།།
ཨ་ཧྥི་རི་ཀའི་བུད་མེད་མང་ཆེ་ཡིན།།

དབུལ་བས་མིག་ཆུ་སླ་བར་འབྱིན་མི་བྱེད།།
ཕྱུག་ཀྱང་རྒྱན་ཆ་སྣ་ཚོགས་འདོག་མི་དགའ།།
ཕྱི་ཡི་སྤྱོད་པས་ནང་སེམས་མི་རྟོགས་པ།།
ཁ་ཆེའི་རིགས་ཀྱི་བུད་མེད་ཕལ་མོ་ཆེ།།

རིག་རིག་མཐོང་བ་ཀུན་ལ་དོགས་གཟོན་ཆེ།།
གང་ཞིག་མ་མཐོང་བ་ནི་ཁས་ལེན་མེད།།
ཁྱོ་བོར་བཀུར་ཞིང་ཟས་སྦྱོར་གཡོ་ལ་མཁས།།
སིང་ག་པོ་དང་འཇན་པན་བུད་མེད་འདྲ།།

གཉེན་སྒྲིག་རྗེས་ལ་གཞན་ལ་སྤྱོད་པར་འཛེམས།།
ཁྱིམ་ཚང་ཕོངས་ཀྱང་ཕྱིའི་ལས་བྱས་ན་འཕྱ།།
མི་ཚེ་གང་བོར་ཁྱིམ་ལས་ཁོ་ནར་བརྩོན།།
རྒྱ་གར་འཕགས་པའི་ཡུལ་གྱི་བུད་མེད་དོ།།

བལ་བོ་འབྲུག་ཡུལ་བུད་མེད་མང་ཆེ་བ།།
བེ་ཐི་ནན་དང་ལིང་ཀའི་བུད་མེད་བཞིན།།
ཕྲག་དོག་ཆུང་ཞིང་ཕྱི་ལས་ནང་ལས་བྱེད།།
ཆོས་ལ་དད་ཀྱང་རང་གི་ཁྱོ་བོར་བཀུར།།

སྒོར་མོ་ཡོད་ན་ཅི་ཡང་མེད་ན་ཆོག །
རང་ཉིད་བདེ་ན་འཛམ་གླིང་ཉིལ་ཡང་འགྲིག །
རང་ཉིད་ཁོ་ན་གཙུག་ཏུ་འཛིན་པ་ནི།།
ཤར་ཕྱོགས་ཙི་ནའི་ཡུལ་གྱི་བུད་མེད་དོ།།

རང་རེའི་ཁ་བ་ཅན་གྱི་བུད་མེད་རྣམས།།
ཁྱོ་ཀས་ཇི་ལྟར་བརྡུངས་ན་གཟོད་ཐུབ་པ།།
བུད་མེད་གཞན་དང་བསྡུར་ན་དམིགས་བསལ་ལས།།
རིགས་སྤྱི་གཅིག་ལ་བསྡུས་ཏེ་བཤད་དཀའ་འོ།།

མི་རིགས་མི་འདྲ་རིག་གནས་ཁ་ཁ་ཡིས།།
བུད་མེད་རྣམས་ཀྱི་བྱེད་སྒོ་མི་མཚུངས་ཤིང་།།
འདོད་པ་འཕར་སྟངས་དེ་བས་མི་འདྲ་བ།།
ཁོ་བོས་བཤད་ཀྱི་འདོད་ལྡན་དག་གིས་ཉོན།།

དགའ་ན་སེམས་ལ་བཙན་གྱིས་མི་གཉེར་ཏེ།།
ཨ་ཕ་ཨ་མའི་དྲུང་ནས་བཤད་ཐུབ་པ།།
མི་དགའ་ཨུ་ཚུགས་རྩ་ནས་མི་འགྲོ་བ།།
ནུབ་ཕྱོགས་ཡུལ་གྱི་བུད་མེད་རྣམས་ཀྱི་ལུགས།།

འདོད་པ་འཕར་ན་ཁྱོ་བོ་མིན་ཡང་ཆོག །
སྟབས་ཀ་འགྲིག་ན་མི་རིགས་དབྱེ་འབྱེད་མེད།།
ཆགས་པ་སུ་ཡིས་གཞོམ་ན་དེ་ལ་བསྟེན།།
འདི་ཡང་ནུབ་ཕྱོགས་བུད་མེད་ཕལ་ཆེ་འོ།།

འཁྱུད་དང་འོ་ཡིས་འདོད་སྤུ་མི་གཟིངས་ལ།།
ཆགས་ཚིག་སྨྲ་བས་དམར་བོར་མི་འགྱུར་ཅིང་།།
ཆང་གི་བཟི་ཁ་བཙན་ན་འཕེལ་འགྱུར་བ།།
ཨི་ཛི་ར་དང་མི་ནག་མ་རྣམས་སོ།།

ཚིག་དང་རྣམ་འགྱུར་ལས་ནི་མི་གསལ་ལ།།
འཆོར་དང་སྒེར་ལས་མཐོང་བར་འགྱུར་མ་ཡིན།།
ཧ་ལམ་བཙན་གྱིས་སྦྱར་ན་འདོད་རྒྱས་པ།།
ལིང་ཀའི་བུད་མེད་ཡིན་ཞེས་གཞན་དུ་ཐོས།།

ལག་པས་རེག་ཙམ་བྱས་ན་འགུལ་ཙམ་བྱ།།
འོ་ཙམ་བྱས་ན་ལུས་ཀྱི་རྩ་རྣམས་འཁུམ།།
ཅུང་ཙམ་རྗེས་ལ་ཚར་ལ་འཁྱུད་བྱེད་པ།།
འཇར་པན་ཡུལ་གྱི་བུད་མེད་ཡིན་ཞེས་གྲགས།།

བེ་ཐི་ནན་དང་ཀོང་པོ་ཇི་ཡ་རྣམས།།
ཆགས་ཚིག་སྨྲ་བ་སྨན་དུ་མི་འགྱུར་ཅིང་།།
འདོད་པའི་རྣམ་འགྱུར་དག་ཀྱང་མི་མཁོ་བས།།
སྐབས་དང་དུས་ལ་བསྟུན་ཏེ་འཕེལ་བར་འགྱུར།།

ལྷོ་ཡི་རླུང་གིས་ལུས་ལ་རེག་པ་དང་།།
ཙན་དན་དྲི་བསུང་སྣ་ལ་བསྒོས་པ་ཡིས།།
འདོད་པ་འཕར་ཞིང་བདག་པོ་དྲན་བྱེད་པ།།
རྒྱ་གར་ཡུལ་གྱི་བུད་མེད་ཐ་དག་གོ །

སེམས་ཀྱི་དགའ་བ་ཕོ་ལ་བཤད་དཀའ་ཞིང་།།
བདག་པོ་ལ་ཡང་དགོས་ཞེས་མི་ནུས་མཁན།།
ཕར་ལ་ཨུ་ཚུགས་ཅུང་ཟད་བྱེད་དགོས་པ།།
བལ་ཡུལ་འབྲུག་ཡུལ་རང་ཅག་བོད་དང་མཚུངས།།

འདོད་པའི་མེ་རོ་ཁོག་ནས་འབར་ན་ཡང་།།
ཚིག་གི་དུ་བ་ཁ་ནས་མི་ཐོན་པ།།
སྐེ་ལ་འཁྱུད་ན་བསྐྱི་ནས་འདུག་པ་ནི།།
མཐོ་སྒང་གངས་རིའི་ལྗོངས་ཀྱི་བུད་མེད་དོ།།

བུད་མེད་རྣམས་ཀྱི་ཕྱི་ནང་གསང་གསུམ་ལས།།
རབ་བྱེད་མ་བྱས་ཅུང་ཟད་སྨྲ་བ་ལ།།
སྐྱོན་ཡོད་དགོངས་དག་བུད་མེད་རྣམས་ལ་ཞུ།།
ཆད་པ་ཁ་སྐོང་སྐྱེས་ཕོ་དག་གིས་མཛོད།།

༡༤/༡༡/༠༤ ཕྱི་དྲོར།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།