བོད་ཀྱི་འབྲོག་མོ།

17/08/2014 18:49

             བོད་ཀྱི་འབྲོག་མོ།


འབའ་སྲས།


རྒྱ་གར་བུ་མོ་མེ་ཏོག་ཕྲེང་བས་མཛེས།།

རྒྱ་ནག་རྒྱ་མོ་ཁ་ངོ་ཚོན་གྱིས་བྱུག །

ནུབ་གླིང་མ་ཡི་གཟུགས་ལ་བཅོས་མ་མང་།།

བོད་ཀྱི་འབྲོག་མོ་ངོ་མ་དེ་ལྟ་མིན།།


ཨ་ཧྥི་རི་ཀའི་བུ་མོ་ནག་ཅིང་རྫོབ།།

ཨ་རིའི་བུད་མེད་ཐམས་ཅད་སྐྲ་མིག་སེར།།

ཨ་རབ་ཁ་ཆེ་མ་རྣམས་ཨོང་ཤ་ཆུང་།།

ཨ་མདོའི་ཡུལ་གྱི་འབྲོག་མོ་དེ་ལྟ་མིན།།


རྒྱ་གར་ལྷོ་ཡི་བུ་མོའི་བྲང་ཁ་འཁྱག །

ཀོང་པོ་ཇུ་ཡ་ཕལ་ཆེས་ནུ་མ་ཆུང་།།

ལིང་གའི་ཡུལ་གྱི་བུ་མོ་རེག་བྱ་རྩུབ།།

རང་རའི་བོད་ཀྱི་འབྲོག་མོ་དེ་ལྟ་མིན།།


འཇའ་པན་བུ་མོར་རྒྱོ་ན་གཅིན་པ་ཤོར།།

འཇར་མན་བུ་མོར་གཡབ་ན་ཀི་རིང་འདེབས།།

རྗོ་ཤུའི་བུ་མོའི་འདོམས་ལ་གཡའ་དྲི་བྲོ།།

བོད་ཀྱི་འབྲོག་མོ་ཚོ་ནི་དེ་ལྟ་མིན།།


ཁ་ཆེའི་བུ་མོར་རྒྱོ་ན་དཔའ་ངར་དགོས།།

མི་ནག་མ་ལ་ཕོ་མཚན་རིང་བ་དགོས།།

མགོ་སེར་མ་ལ་འཛག་ན་སྟོབས་ཤུགས་དགོས།།

འདི་དག་མི་དགོས་རང་རེའི་འབྲོག་མོ་ཚོར།།


ནུབ་གླིང་བུ་མོར་རྒྱོ་ལུགས་ཤེས་བྱ་གཙོ།།

ཤར་ཕྱོགས་ཚོར་ཡང་འཇུག་ལྡོག་གོ་རིམ་གལ།།

ལྷོ་བ་མི་ནག་མ་ཡང་འགོ་མཇུག་དགོས།།

རྣམ་བཞག་མི་དགོས་བོད་ཀྱི་འབྲོག་མོ་ཚོར།།


ནུབ་གླིང་བུ་མོས་ཕོ་ཡི་གཟུགས་ལ་ལྟ།།

རྒྱ་ནག་རྒྱ་མོས་ལག་གི་སྒོར་ལ་ལྟ།།

རྒྱ་གར་བ་ཡིས་རིགས་དང་དཔུང་ལ་ལྟ།།

བོད་ཀྱི་འབྲོག་མོར་ལྟ་བ་འདི་དག་མེད།།


མཚོ་ཁ་མིན་ན་མགོ་སེར་མ་ལ་དཀའ།།

གོས་གདན་མིན་ན་རྒྱ་གར་བུ་མོར་དཀའ།།

མགྲོན་ཁང་མེད་ན་ཁ་ཆེ་མ་རྣམས་དཀའ།།

བོད་ཀྱི་འབྲོག་མོར་དཀའ་ལས་དེ་འདྲ་མེད།།


རི་གསུམ་རྩེ་ནས་རྒྱོ་ཡང་རྐུབ་མི་འཁྱག །

ཚ་རུ་གདན་དུ་བྱས་ཀྱང་ཚ་མི་བརྒྱགས།།

འདོད་པ་ཡོད་ན་གང་དུ་ཇི་ལྟར་ཆོག །

ཨ་ཅེ་འབྲོག་མོ་བུད་མེད་རྣམས་ཀྱི་མཆོག །


རྒྱང་རིང་ནུབ་ཕྱོགས་ཡུལ་གྱི་ས་ཆ་ནས།།

འབྲོག་མོ་མཐོང་རྒྱུ་མེད་པའི་གྲོང་ཁྱེར་ནས།།

ཨ་ཅེ་འབྲོག་མོ་ཞིག་གི་པར་མཐོང་ནས།།

སྙིང་སྡུག་འབྲོག་མོ་ཚོ་ལ་གཏམ་འདི་བསྲིངས།།


༡༤/༠༨/༠༧ ཕྱི་དྲོར།




Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།