མཇེ་ཡི་ཐོབ་ཐང་རྩོད་པ།

02/07/2011 00:18

ཁ་སང་རྒྱ་ལམ་ནང་དུ་འགྲོ་བའི་དུས།།
རྒྱ་མོ་ཡག་མ་ཞིག་ལ་གདོང་ཐུག་བརྒྱབས།།
ཨ་ཅེ་རྒྱ་མོ་གང་ལ་འགྲོ་འམ་ཞེས།།
གུས་པའི་ཚིག་གིས་སྐད་ཆ་དྲིས་པའི་ལན།།

རྒྱ་ནག་བུ་མོ་སྒོར་མོ་འཚོལ་མཁན་རེད།།
ཡོ་རོབ་ལྔ་བཅུ་ཁྱོད་ལ་ཡོད་དམ་ཟེར།།
ཡོ་རོབ་ལྔ་བཅུ་ཡོད་ལགས་ཅི་བྱེད་དྲིས།།
བདག་གི་གཉའ་མའི་རིན་གོང་ཡིན་ཞེས་བཤད།།

རྒན་མོ་ཞིག་གི་བདག་པོ་རྒད་པོ་ང་།།
སྒོར་མོ་ཞིག་གི་ཡོང་སྒོ་དགོས་པ་ལས།།
རྒྱ་མོ་ཞིག་གི་དགོས་མཁོ་མེད་པས་ན།།
རྒྱ་རྒན་མ་ལ་ཁ་ལན་འདི་ལྟར་སློག །

སྨད་ཕྱོགས་ཡུལ་གྱི་ཨ་ཅེ་རྒྱ་མོ་ལགས།།
དེ་རིང་ངེད་གཉིས་སྐྱིད་པོ་ཚོང་ཞིག་བརྒྱག །
ང་ཡི་མཇེ་འདི་དེ་རིང་ཁྱོད་ལ་འཚོང་།།
ལྔ་བཅུ་མི་དགོས་སུམ་ཅུ་ཐམ་པས་ཆོག །

ཁྱོད་ཀྱི་གཉའ་མ་འཚོང་ན་ཆོག་ས་ནས།།
བདག་གི་མཇེ་ལ་རིན་གོང་ཅི་མི་དགོས།།
འོག་ཏུ་ཉལ་བར་སྒོར་མོ་དགོས་ཞེས་ན།།
ང་རང་ཁྱོད་ཀྱི་འོག་ཏུ་ཉལ་ན་ཆོག །

སྟུ་ཡིས་མཇེ་ལ་བདེ་བ་སྟེར་བ་བཞིན།།
མཇེ་ཡིས་སྟུ་ལ་དགེ་བ་དེ་ལས་སྟེར།།
མཇེ་སྟུ་གཉིས་ཀྱི་སྐྱིད་པོ་འདྲ་འདྲ་ཡིན།།
ཁྱོད་ཀྱི་སྟུ་ལ་རིན་པ་ཅི་ལ་དགོས།།

གང་ན་མཇེ་ཡི་མགོ་བོ་འབུར་བྱེད་ན།།
དེ་ན་སྟུ་ཡི་ཁ་སྒོ་དབང་མེད་ཕྱེས།།
ཁྱོད་ཀྱི་སྟུ་ཡི་ཁ་སྒོ་མ་ཕྱེས་ན།།
བདག་གི་འབུ་ལི་འབུར་ནས་ཡོང་དོན་མེད།།

ཁྱོད་ཀྱི་བརླ་ཡི་གཉའ་མ་རྫོབ་པོ་དེ།།
ཉིན་མཚན་གཉིས་ལ་དྲེག་པ་ཆགས་ནས་ཡོད།།
བདག་གི་རླིག་སྤུ་སྟུག་པོའི་བར་གསེབ་ནས།།
ཉ་མགོ་འདྲ་བའི་མཇེ་འདི་མཛེས་པ་ལ།།

མཛེས་པའི་མཇེ་འདི་ཁྱོད་ཀྱིས་ཉོ་བྱེད་ན།།
ཡོབ་སྒོར་སུམ་ཅུ་ཐམ་པས་འགྲིག་ནི་བྱེད།།
ཁྱོད་ཀྱི་གཉའ་མ་ཁ་ལ་དྲེག་པ་ཅན།།
ལྔ་བཅུ་ག་བ་ལྔ་ཡང་མི་སྟེར་ལོ།།

རྒྱ་རྒན་མ་ལ་དེ་ལྟར་བཤད་མ་ཐག །
ངོ་ཚ་དང་བཅས་ཁོང་ཁྲོ་མེ་འབར་ནས།།
ཁ་ནས་ག་མ་གོ་ཞིག་བཤད་ཞོར་ལ།།
མགོ་བོ་གཡུག་ནས་ཕར་ལ་བུད་དེ་སོང་།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།