རྡོ།

22/07/2014 17:27

             


                   རྡོ།


འབའ་སྲས།


ས་དང་འཕྲད་ན་སྲ་བའི་ཡོན་ཏན་ལྡན།།


ཆུ་དང་འགྲོགས་ན་འཁྱག་པའི་ངོ་བོ་ཉིད།།


མེ་དང་འཕྲད་ཚེ་ཚ་བའི་རེག་བྱར་འགྱུར།།


འོན་ཀྱང་རླུང་གིས་ནམ་ཡང་བསྒུལ་མི་བཏུབ།།



ས་ནི་ཆུ་དང་འཕྲད་ཚེ་གཤེར་བར་བྱེད།།


ཆུ་ནི་མེ་དང་འཕྲད་ན་སྐམ་བར་བྱེད།།


མེ་ནི་རླུང་གིས་སྦར་ལ་ཆུ་ཡིས་གསོད།།


འོན་ཀྱང་རྡོ་ནི་གང་དང་འཕྲད་ན་རྡོ།།



ས་དང་འདྲ་བའི་སྐམ་གཤེར་རྡོ་ལ་མེེད།།


ཆུ་དང་འདྲ་བའི་བཞུར་རྒྱུན་རྡོ་ལ་མེད།།


མེ་དང་རླུང་ལྟར་འབར་དང་གཡོ་བ་མེད།།


རྡོ་ཡི་རང་གཤིས་སྲ་ཞིང་མཁྲེགས་པ་འོ།།


༠༨/༡༢/༡༣


              La pierre



Bassé, Fils de Ba



Elle est solidité au contact de la terre


Elle est froidure en compagnie de l'eau


Elle devient chaleur au contact du feu


Mais le vent ne peut la mouvoir



La terre au contact de l'eau s'humidifie


L'eau au contact du feu s'assèche


Le feu est activé par le vent, l'eau l'éteint


Mais la pierre demeure pierre, quoi qu'elle touche



La pierre n'a ni la sécheresse ni l'humidité de la terre


La pierre n'a pas la fluidité de l'eau


Elle ne flambe pas comme le feu, ne se meut pas comme le vent


La pierre est par nature solide et dure




8 décembre 2013

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།