འཁྲིག་སྤྱོད་དམར་པོ།

22/06/2011 19:22
 
མཛེས་པའི་ཞལ་རས་ཐོག་མར་མཐོང་དུས་མིག་ལ་སྒྱུ་མའི་འཕྲུལ་བ་བྱིན།།
འཇམ་མཉེན་ལག་པར་ཐེངས་གཅིག་འཇུས་པས་སེམས་ལ་འདོད་པའི་མེ་རོ་སྦར།།
ཚིག་གསུམ་བཤད་པའི་སྐད་ཆའི་བར་ནས་བརྩེ་བའི་སེམས་པ་ཁོག་ནས་དྲངས།།
ཐེངས་གཅིག་འགྲོགས་པའི་དུས་ཡུན་ཁྲོད་ནས་བདག་གི་ཡོད་ཚད་ཁྱོད་ལ་ཤོར།།
 
ཅུང་ཙམ་སེར་པོའི་སྐྲ་ཡི་ཁ་དོག་སྐེད་པའི་ངོས་ན་འོད་ལམ་ལམ།།
གཞུ་ལྟར་འཁྱོག་པའི་སྨིན་མ་སྟུག་པོ་དཔྲལ་བའི་ཐོག་ཏུ་ནག་ཤིག་ཤིག །
གནག་སྣུམ་སྨིན་མ་སྟུག་པོའི་འོག་ཏུ་མཛེས་པའི་མིག་གཉིས་ཆ་རིག་རིག །
དམར་བའི་མཆུ་སྒྲོས་འཛུམ་པའི་བར་ནས་སྐྱེས་ལེགས་སོ་ཕྲེང་དཀར་སང་སང་།།
བྲང་ཁ་ལེབ་མོའི་གཡས་གཡོན་གཉིས་ན་འབུར་ཆགས་འོ་འཛིན་ལྡེམ་ལྡེམ་གཡོ།།
ཤིན་ཏུ་ཕྲ་བའི་སྐེད་པའི་མདུན་དུ་གཡས་འཁྱིལ་ལྟེ་བའི་རི་མོ་མཛེས།།
མཁྲེང་ཤིང་རྒྱགས་པའི་རྐུབ་ཤ་དོད་པོ་འཇམ་ཞིང་སྦོམ་པོའི་བརླ་ཡིས་བཏེག །
ཙོང་སྐམ་འདྲ་བའི་བརླ་ཡི་ཕུག་ཏུ་མཚན་མའི་ཁ་སྒོ་སྤུ་ཡིས་བཏུམས།།
 
དྲི་ཞིམ་ཆུ་རྫས་ལུས་ལ་གཏོར་བས་ཙན་དན་དྲི་བཟང་ལུས་ན་ལྡང་།།
འཇམ་བྱེད་སྣུམ་རིགས་ཤ་ལ་བྱུག་པས་འཇམ་པའི་ལུས་པོ་ཚ་རུ་འདྲ།།
འཇམ་པའི་ལུས་པོར་བྲང་ཁ་སྦྱར་ཚེ་བདེ་བའི་ཚོར་བ་སྙིང་ལ་འདྲེན།།
ཞིམ་པའི་མཆི་སྒྲོས་ཐེངས་གཅིག་འཇིབ་ན་སྦྲང་རྩི་མངར་མོའི་བྲོ་བ་སྦྱིན།།
 
སྒྲིབ་གཡོག་ཕུད་དེ་མལ་ཁྲི་སྟེང་དུ་བརླ་ཁ་ཕྱེས་ཏེ་ཉལ་བ་ན།།
སྤུ་ཡི་གསེབ་ཏུ་ཅུང་ཟད་འབུར་བའི་མཚན་མའི་ཁ་སྒོ་བྱུ་དམར་འདྲ།།
སྟུ་ཁའི་བར་ན་བྱ་ལེའི་རྩེ་མོ་ཕུག་རོན་ཁ་ཡི་ལྕེ་ལེབ་བཞིན།།
དམར་བའི་མདོག་གི་ཁ་དོག་དང་བཅས་མཚན་མའི་ནང་དུ་གནས་པ་མཐོང་།།
 
ཆེ་ཆེར་འཇམ་པོའི་ལག་པ་གཉིས་ཀྱིས་བདག་གི་སྐེད་པར་ཨ་ལོང་དཀྱིས།།
མཁྲེང་ཞིང་སྦོམ་པའི་བརླ་ཤ་གཉིས་ཀྱིས་བདག་གི་ལུས་སྨད་ལྕགས་ཟྭ་བརྒྱབས།།
སྦྲང་རྩིའི་རོ་ལྡན་མཆུ་སྒྲོས་འདབ་མས་བདག་གི་ལྕེ་ཡི་རྩེ་མོ་འཇིབས།།
ཤིན་ཏུ་སྙན་པའི་ངུ་སྐད་ཅིག་གིས་ཁང་པ་ཆུང་ཆུང་ཁྱབ་པར་བྱས།།
 
ཁོ་མོའི་རྐུབ་ཤ་འདེགས་ཐེངས་རེ་ལ་བདག་གི་ཨ་ཨ་ཤོར་ཐེངས་རེ།།
སྐབས་རེ་ཨོང་ཤ་གཡས་ལ་བསྐོར་ཅིང་ལན་རེ་གཡོན་ལ་བསྐོར་བས་ན།།
ཧ་ཅང་ཚ་བའི་བྱེ་མའི་ཐང་ལ་ཆུ་ནང་ཉ་མོ་བཏོན་པ་ལྟར།།
བདག་གི་ལུས་པོ་རང་ལ་མི་དབང་ཁྱེལ་མ་ནང་གི་སྣེ་འབྲུ་བཞིན།།
 
ཡར་འདེག་མར་མནན་ཐེངས་གཅིག་བྱས་པས་ཀླད་པའི་རྩེ་ནས་རྐང་མཐིལ་བར།།
གློག་རྒྱུག་ཕྲ་མོས་བརྡེགས་པ་བཞིན་དུ་རྣམ་རིག་རྒོད་པོའི་དྲན་པ་གཏོར།།
སོར་མོ་བཅུ་ཡིས་རྐེད་ཚིགས་ནས་བཟུང་སྐེད་པ་བརྒྱུད་དེ་དཔྱི་མགོ་བར།།
བྱུག་ཅིང་བཏབ་པའི་བདེ་བ་ཡིས་ནི་ཤ་གསིང་རུས་པའི་ཐིག་ལེ་འདྲེན།།
 
ཤིན་ཏུ་སྐྱིད་ཅིང་བཤད་མི་ཤེས་པའི་ཚོར་བ་ཞིག་གིས་ལུས་དཀྲུགས་ཏེ།།
ངག་ནས་དོན་གྱིས་སྟོང་བའི་སྐད་གདངས་ཆ་མ་ཆོ་རིགས་ངང་གི་ཤོར།།
ཕོ་ཤ་མོ་ཤ་བརླན་པ་འདི་ནི་ཕོ་གློག་མོ་གློག་འཕྲད་པ་བཞིན།།
ལུས་ཀྱི་ཕྱི་ནང་གཉིས་ཀ་བསྲེགས་པས་བཟོད་སེམས་བརྩོན་པ་མེད་པར་བྱེད།།
 
མགོ་སེར་ཞིག་ལ་མགོ་མ་ཐུག་སྟེ་མདང་དགོང་ཉལ་བའི་བྲོ་བ་ནི།།
དེ་རིང་སྙུ་གུ་རྩེ་རུ་འཕྱོ་བའི་སྙན་ངག་ཅིག་གི་བརྗོད་བྱར་གྱུར།།
འདོད་པའི་གཏམ་བཅོས་བསམ་ནས་མ་བྲིས་ལག་ལེན་དངོས་ཀྱིས་ཐོབ་པ་འདི།།
རང་གི་ཆུང་མར་གཅིག་བུར་བསྟེན་པའི་རྒད་པོ་དག་ལ་དམིགས་ནས་བྲིས།།
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།