སྒྱུ་རྩལ་གྱི་ངག་ལས་བྱུང་པའི།། སྙན་ངག་གི་དབྱངས་རྟ་ཐོས་ས།།

སྙན་ངག་གྱེར་འདོན་ར་བ།

Date
By
Subject

དེ་རིང་མགྲོན་དུ་ཡོང།

གྱེར་འདོན་དོ་ར་ལེགས། མུ་མཐུད་དུ་ཁ་སྣོན་བྱོས་ཨ།

Date
By
Subject

སེམས་ཀྱི་ལྷན་པ།

སེམས་ཀྱི་ལྷན་པ།


གོམ་ཁ་རྒྱང་ལ་བཞུད་པའི་ཁྱོད་ཞལ་མ་མཐོང་།།
ཡུན་རིང་དྲན་པའི་ཟས་ཀྱི་བྲོ་བ་ཡལ་སོང་།།
ཡང་སྐྱར་མཇལ་ན་བསམ་པའི་སེམས་ཀྱི་རེ་སྒུག།
རྨི་ལམ་ནང་དུ་སླེབས་པ་གྲངས་ལས་མ་འདས།།

ཁྱེད་ལ་དུངས་ཀྱང་བརྩེ་བ་གཞན་གྱིས་འཕྲོག་སོང་།།
མིག་ཆུ་བཞུར་བ་དམར་པོ་ཁྲག་ལ་འདྲེས་སོང་།།
ལས་ལ་བཅོལ་ཡང་སྙིང་གཏམ་བརྗོད་ཁོམ་བྲལ་བ།།
སུ་དང་གང་གིས་ངེད་གཉིས་བར་ཆད་བཟོས་ཡིན།།

ཡོད་ཚད་དཀོན་མཆོག་བཅོལ་ཡང་འདོད་དོན་མ་འགྲུབ།།
བདེན་པ་མེ་ལ་བརྡར་ནས་སེམས་རྩ་འབར་ཡང་།།
སྟོན་རླུང་དལ་གྱིས་ལྡང་འདྲའི་རྒྱབ་དཔང་དེ་དག།།
རི་བོང་ཅལ་གྱིས་འདྲོགས་པའི་ལོ་རྒྱུས་དྲན་ཐལ།།

ཁྱེད་ལ་ཐུགས་ཀྱང་བརྗོད་པའི་སྙིང་གཏམ་དབེན་པའི།།
ཞལ་རས་དམར་པོར་གྱུར་ནས་ཧད་ཏེ་ལུས་སོང་།།
དྲན་པའི་སྡུག་བསྔལ་ཕྱི་ཡིས་གདོང་ལ་མངོན་ནས།།
འདས་སོང་ལོ་ཟླ་མང་པོ་ཕར་ལ་བསྐྱལ་སོང་།། མུན་སེལ་ནས།༢༠༡༣་༠༣་༠༧

Date
By
Subject

ཨ་་ཨ

ང་རང་དུས་རྒྱུན་དུ་ཁྱེད་རང་གི་དྲ་ཚིགས་འདིར་སླེབས་ཐུབ་ཀྱི་མི་འདུག་ཡ།ང་རང་ཉིད་ནས་སྙན་ངག་ཅིག་འབྲི་འདོད་ཡོད་ཀྱང་་་་་་་

Date
By
Subject

hi

tashi deklek

Date
By
Subject

གང་དུ་སོང་བ་ཡིན།

བདེ་ཆེན་སྒྲོལ་མ་ད་བར་དུ་གང་ནས་ལྷག་སོང་། ངའི་སྙན་ངག་དག་གིས་ཁྱེད་ལ་སྒུག་ནས་བསྡད་ཡོད།

Date
By
Subject

དེ་རིང་གཞི་ནས་མཐོང་སོང་།

རྒན་ལགས་ཀྱི་སྙན་ངག་གི་གླིང་ཁ་འདི་དེ་རིང་གཞི་ནས་མཐོང་སོང་། སྙན་ངག་རེ་ཟུང་བཀླགས་པས་སེམས་པ་ལྷོད་ལ་བབས་སོང་། རྗེས་སུ་མང་ཙམ་ཡོང་གི་ཡིན།

Date
By
Subject

སྐུ་ཁམས་བདེ་མོ།

ཁྱེད་ཀྱི་སྙན་ངག་གི་གྲོང་ཁྱེར་དེར་རྒྱུན་དུ་ཉུལ་ཀི་ཡོད།
ངོ་མ་དོན་སྙིང་ཡོད་ཁི

Date
By
Subject

ཆབ་བྲག་ལགས་སུ་ཐུགསརྗེ་ཆེ་ཞུ།

སྙན་ངག་གི་ཚིག་འབྲུ་རེ་རེ་དང་གདངས་ཀྱི་ང་རོ་རེ་རེས་ང་ངུ་ཁ་བསླངས་སོང་།

Date
By
Subject

སྙན་ངག་གྱེར་འདོན

རྒན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག འདི་ཚོའི་རིགས་ཚུར་འཐེན་རྒྱུ་ཡོད་ན་ཡག་པོ་འདུག་བསམ་བྱུང་། རྗེས་མར་མཇལ་ཡོང་།

Date
By
Subject

ཨ་རོགས།

བཀྲ་ཤིས་བདེ་ལེགས་ཞུ།

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།