ཁ་ལ་གཞས་ཞེ་མཐུན་རོགས་ལ་ལེན།། རོགས་ཆུང་ལོ་སྡེ་ཆེན་གྲོང་ན་ཡོད།།

Topic: ན་ཆུང་རྩེད་ར།

Date
By
Subject

ལེགས་ཀྱིས།

ཤེས་ཡོན་ཅན་ངོ་མ་ཞིག་རེད་ཨང་། མུ་མཐུད་དེ་འབད་བརྩོན་གནོངས།

Date
By
Subject

སྐུ་བདེ


སྟོད་རྫ་ལུང་རྐེད་ན་སྤྱང་མོ་ཆ་གཅིག།
ལུས་འདུར་རྒྱུགས་རྔ་མ་ཐུར་ལ་འདྲུད་བཞིན
ཤ་དམར་པོ་ཟ་འདོད་མིད་པ་འགུལ་ནས།
ལུག་དཀར་ཆུང་འབབ་སྒྲ་རྣ་བའི་འཚོལ་ཁུ།

བར་སྨུག་ལུང་རྫ་ན་ཡུ་མོ་ཆ་གཅིག།
སྣ་ཀྲོང་ཀྲོང་བསིལ་རྩྭ་མུར་མུར་བྱེད་བཞིན།
ཕྱོགས་ཡར་མར་ཁྲ་ཆུང་རིག་རིག་ངང་ནས།
དགྲ་གཤེད་མ་གར་ཡོང་མིག་གི་འཚོལ་ཁུ།

སྡེ་ཆེན་པོའི་དྲུང་ན་རོགས་ལོ་ཆ་གཅིག།
དགོང་ས་རྩ་རིག་དུས་ཉལ་ས་མཉམ་གཅིག།
ནངས་སྐྱ་རེངས་ཤར་དུས་སྐེ་རགས་མཉམ་བཅིངས།
ཁྱིམ་བཟའ་ཚང་ཟེར་ནོ་སེམས་ཀྱི་འཚོལ་ཁུ།

Date
By
Subject

Re: སྐུ་བདེ

སོག་མདའ་ལགས། ཕེབས་པ་ལེགས། འདིར་ཆེད་འགོད་འགའ་ཞིག་ཡོད་མོད་དུས་ཚོད་ཀྱིས་དབང་གིས་འགོད་ཁོམ་མ་བྱུང་། རྗེས་སུ་འགོད་ངེས་ཡིན།

Date
By
Subject

གཞས་ཀྱི་རྩེད་ར་འདི་དངོས་ནས་སྐྱིད་ཀི། རྗེས་ནས་ཀྱང་ཡང་ཡང་ཡོང་གི་ཡིན།

ང་ལ་གཞས་ཀྱི་ཐན་པ་བྱུང་བའི་འབྲོག་སྡེ་ཞིག་ནས་སྐྱེས་རུང་། སེམས་བསམ་པ་ལ་གཞས་སྙན་མོའི་རྩེད་ར་ནས་ནར་སོན་པ་ཡིན།
འབའ་སྲས་ལགས། ཁྱེད་ཀྱི་རྩེད་ར་འདི་རྒྱ་སྐྱེད་དང་། ང་དང་ང་འདྲ་བའི་ལ་གཞས་ལ་དགའ་བ་རྣམས་མགྲོན་དུ་ཡོང་ངེས་ཡིན།

Date
By
Subject

Re: གཞས་ཀྱི་རྩེད་ར་འདི་དངོས་ནས་སྐྱིད་ཀི། རྗེས་ནས་ཀྱང་ཡང་ཡང་ཡོང་གི་ཡིན།

པད་མ་མཚོ་མིང་ཅན་ལགས། ཕེབས་པར་དགའ། རེད་ཡ། ལ་གཞས་ནི་བོད་ཀྱི་ཤ་གསེང་རུས་གསེང་ནས་འབུས་པའི་སྙན་ངག་གསོན་པོ་ཞིག་རེད། དེས་པས་ལ་གཞས་ལ་མི་དགའ་མཁན་སུ་ཞིག་ཡོད་དམ།

Date
By
Subject

ཝ་ཡེ།

ཝ་ཡེ། ཁྱོད་གླུ་བ་ཞིག་ཡིན་པ་ཡང་དེ་རིང་མ་གཏོགས་མ་ཤེས་ཡ། ཁྱོད་ངོ་མ་ངར་གི ཡི་རང་ཡོད་ལགས། ལན་རེར་འདིར་བལྟ་བར་ཡོང་གི་ཡིན་ལགས།

Date
By
Subject

ཡ་ཡ།

ཡ་ཡ། རྟ་བོར་བ་ངས་གང་ཐུབ་ཅི་ཐུབ་བྱ་ངེས་ཡིན།

Date
By
Subject

ལ་གཞས

ཡག་པོ་འདུག་ཐུགས་རྗེ་ཆེ། རྗེས་མར་གསར་བ་རེ་ཡོད་ན་ཡང་བསྐྱར་ཉན་གི་ཡིན།

Date
By
Subject

དྲན།

གོང་གི་ལ་གཞས་དེས་ཕ་ཡུལ་དྲན་དུ་བཅུག་སོང་། ད་སང་ཉིན་ཕ་ཡུལ་ལ་ཅིག་མ་སོང་ག་མེད་རེད།

Date
By
Subject

གླུ་མ།

གླུ་མ་ལྷ་མོ་སྒྲོལ་མའི་སྐད་སྙན་ཞིང་རྣམ་འགྱུར་ཡག་ལ་མོ་སྒོ་ཡང་མི་ཆོག་རྒྱུ་མེད་གི

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།