སྙན་ངག་གྱེར་འདོན་ར་བ།

Date
By
Subject

སེམས་ཀྱི་ལྷན་པ།

སེམས་ཀྱི་ལྷན་པ།


གོམ་ཁ་རྒྱང་ལ་བཞུད་པའི་ཁྱོད་ཞལ་མ་མཐོང་།།
ཡུན་རིང་དྲན་པའི་ཟས་ཀྱི་བྲོ་བ་ཡལ་སོང་།།
ཡང་སྐྱར་མཇལ་ན་བསམ་པའི་སེམས་ཀྱི་རེ་སྒུག།
རྨི་ལམ་ནང་དུ་སླེབས་པ་གྲངས་ལས་མ་འདས།།

ཁྱེད་ལ་དུངས་ཀྱང་བརྩེ་བ་གཞན་གྱིས་འཕྲོག་སོང་།།
མིག་ཆུ་བཞུར་བ་དམར་པོ་ཁྲག་ལ་འདྲེས་སོང་།།
ལས་ལ་བཅོལ་ཡང་སྙིང་གཏམ་བརྗོད་ཁོམ་བྲལ་བ།།
སུ་དང་གང་གིས་ངེད་གཉིས་བར་ཆད་བཟོས་ཡིན།།

ཡོད་ཚད་དཀོན་མཆོག་བཅོལ་ཡང་འདོད་དོན་མ་འགྲུབ།།
བདེན་པ་མེ་ལ་བརྡར་ནས་སེམས་རྩ་འབར་ཡང་།།
སྟོན་རླུང་དལ་གྱིས་ལྡང་འདྲའི་རྒྱབ་དཔང་དེ་དག།།
རི་བོང་ཅལ་གྱིས་འདྲོགས་པའི་ལོ་རྒྱུས་དྲན་ཐལ།།

ཁྱེད་ལ་ཐུགས་ཀྱང་བརྗོད་པའི་སྙིང་གཏམ་དབེན་པའི།།
ཞལ་རས་དམར་པོར་གྱུར་ནས་ཧད་ཏེ་ལུས་སོང་།།
དྲན་པའི་སྡུག་བསྔལ་ཕྱི་ཡིས་གདོང་ལ་མངོན་ནས།།
འདས་སོང་ལོ་ཟླ་མང་པོ་ཕར་ལ་བསྐྱལ་སོང་།། མུན་སེལ་ནས།༢༠༡༣་༠༣་༠༧

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།