འཕྲིན་གསར།

Date
By
Subject

རྒན་ལགས་ལ་འོ་བརྒྱལ་ཞིག་ཞུ་དགོས་སོང་།

རང་མོས་སྙན་ངག་ངོས་ནས་དྲི་བ་ཁ་ཤས་མི་འདྲི་དགོས་བྱུང་སོང་བས་ཤག་ནང་བཞིན་ལན་བརྒྱག་རོགས་མཁྱེནན།
༡༽རྒན་ལགས་ནས་རང་མོས་སྙན་ངག་ཟེར་བ་འདི་ལུས་ཀྱི་སྒང་ནས་འཇོག་གིན་ཡོད་དམ་ཡང་ན་སྒྱུ་རྩལ་གྱི་ཆ་ནས་འཇོག་གི་ཡོད།
༢༽སློབ་ཆུང་སློབ་མས་སྒེའུ་ཁུང་ནས་ཡོང་བའི་སྙན་ངག་དེ་དག་རང་མོས་སྙན་ངག་གི་མཚན་ཉིད་ཚང་ངམ།
༣༽དཔལ་དོན་གྲུབ་རྒྱལ་ནས་ཆེས་ཐོག་མའི་ལང་ཚོ་རྦབ་ཆུ་དེ་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་བརྩམས་པ་ཡིན་ནམ།
༤༽སྙན་ངག་མེ་ལོང་མའི་ཐུགས་སྲན་ཟེར་ན་ཆོག་པའི་དཔལ་དོན་གྲུབ་རྒྱལ་གྱི་སྙན་ངག་མེ་ལོང་མ་ཡོད་བཞིན་དུ་རང་མོས་སྙན་ངག་བརྩམས་དགོས་པའི་དགོས་པ་རྒྱུ་མཚན་ཅི་ཡིན་ནམ།
༥༽སྙན་ངག་མེ་ལོང་མ་ནི་བོད་མི་རིགས་ཀྱི་རྩམ་དྲི་མར་དྲི་འཐུལ་བའི་སྙན་ངག་གི་འགག་སྒོ་ལྟ་བུ་ཞིག་རེད་ཅེས་སྐྱོན་མཚང་དྲིས་ན་ཁྱོས་ཅི་ལྟར་འདོད་དམ།
༦༽རང་མོས་སྙན་ངག་མ་སླེབས་སྔོན་དུ་མེ་ལོང་མའི་བསྟོད་རྩོམ་རྐྱང་རྐྱང་ལས་མེད་པའི་རྒྱུ་མཚན་ཅི་རེད་དམ།
༧༽སྙན་ངག་མེ་ལོང་བོད་དུ་དར་བ་ནས་བཟུང་སྙན་ངག་མེ་ལོང་མའི་ཁ་ཕྱོགས་ཀྱང་བོད་སྤྱི་ཚོགས་ཕྱོགས་པའི་ཤུགས་རྐྱེན་དེ་རང་མོས་སྙན་ངག་རེད་ཅེས་བརྗོད་ན་འཐད་པ་ཡོད་དམ།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།