ངེད་ཀྱི་སྐོར།

Date
By
Subject

ཁམས་བཟང།

རྒན་ལགས་ལགས་ཁྱེད་ནས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ངེད་དང་ངེད་འདྲ་བའི་ན་གཞོན་སྙན་ངག་ལ་དགའ་མོས་བྱེད་མཁན་ཚོའི་སླད་ཟུར་དུ་རང་ངོས་ནས་ཟིན་ཟོ་ཡི་དྲ་ཚིག་ཞིག་བཟོས་པ་ལ་སྙིང་དབུས་ནས་དགའ། དེ་སྔོན་གང་ཉིད་ནས་བརྩམ་པའི་སྙན་ངག་དེབ་གཅིག་ཙམ་སློབ་གྲྭར་བསྡད་པའི་རིང་ངེད་ནས་བལྟ་ཀློ་མྱོང་དུས་དེ་ནས་བཟུང། ངེད་རང་ཡང་སྙན་ངག་ལ་དགའ་མོས་འགྱུར། ཁྱེད་ནི་ངོ་མ་ངའི་རང་གི་སྙན་ངག་གི་བསློབ་སྟོན་པ་ཞིག་ཡིན་ལ་ངེད་རང་གི་ཐར་ཐོར་ཚིགས་བཅད་འགའ་གཤོག་བུ་དཀར་པོའི་སྟེང་བཀོད་ཐུབ་པ་ཡང་གང་ཉིད་ཀྱི་བཀའ་དྲིན་ཡིན། དེ་རིང་སློབ་ཕྲུག་ཟུར་པ་ཞིག་གི་གང་ཉིད་ཀྱི་དྲྭ་ཚིག་དེ་ངེད་ལ་ངོ་སྤྲོད་གནང་བ་དེ་སླར་ཡང་གང་ཉིད་ངེད་རང་གི་སྙན་ངག་བསློབ་སྟོན་པ་མུ་མཐུད་འགྱུར་བའི་སྣང་བ་འཆར། ངེད་རང་ནས་གང་ཉིད་ཀྱི་བཀོད་པའི་སྙན་ངག་རེ་རེ་ཁྲ་ཆུག་མིག་དུ་མངོན་དུས་། ངེད་རང་ལ་ཡང་སྙན་ངག་ཐར་ཐོར་ཞིག་བྲིས་འདོད་པའི་ཚོར་བ་དྲག་པོ་སྡང་། དེ་ནི་གང་ཉིད་ཀྱི་བཀོད་པའི་སྙན་ཚིགས་དག་གི་སྦྱིན་པའི་ཚོར་སྣང་མངར་མ་ཞིག་ཡིན། དུས་དེ་རིང་ནས་བཟུང་ངེད་ཡང་གང་ཉིད་ཀྱི་སྙན་ངག་གི་ལམ་སྟོན་ལ་བརྟེན་ནས་ངེད་རང་ཡང་མ་འོངས་པ་ཁྱེད་དང་འདྲ་བའི་སྙན་ངག་མཁན་ཞིག་བྱེད་འདོད་པའི་སྨོན་ལམ་སྙིང་དབུས་འདེབསས་ལ་ཁོམ་པ་བྱུང་ཚེ་གང་ཉིད་ནང་ཀྱང་ངེད་རང་ལ་ལམ་སྟོན་གནང་རོགས་ཞེས་ལག་གཉིས་ཐལ་མོར་སྦྱར་ནས་སྐྱབས་འཇུག་ཞུ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།