གཏམ་བཤད་བཅར་འདྲི་རིག་པའི་བགྲོ་གླེང་སོགས།། རང་གཞན་གཉིས་ཀྱི་ལེགས་བཤད་འདི་ནས་ཐོས།།

སྣ་ཚོགས་འདུ་འཛོམས།

བོད་ནང་གི་བོད་པ་ཚོའི་སེམས་ལ་བདེ་སྐྱིད་ཀྱི་གསོན་ཤུགས་མི་འདུག

02/07/2011 17:59
བོད་ནང་གི་བོད་པ་ཚོའི་སེམས་ལ་བདེ་སྐྱིད་ཀྱི་གསོན་ཤུགས་མི་འདུག (གཉིས་སྟོང་བརྒྱད་ལོར་ཆེད་དུ་ལྷ་སར་ཞིབ་རྟོགས་སུ་བསྐྱོད་མཁན་ཨེ་ལོ་རྡེའུ་སྦེར་ནར་ལ་བཅར་འདྲི་བྱས་པ་ཞིག) པར་སྒྲོན་མཁན། Catherine Hélie ...
>>

ཧྥ་རིན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་ལོ་གཅིག་འཁོར་བའི་མཛད་སྒོའི་གཏམ་བཤད།

02/07/2011 17:14
ཧྥ་རིན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་ལོ་གཅིག་འཁོར་བའི་མཛད་སྒོའི་གཏམ་བཤད། ང་ཚོའི་ཚོགས་པ་འདི་ནི་བོད་རིགས་དང་རྒྱ་རིགས་གཉིས་ལག་གདེང་གཅིག་ཏུ་སྦྲེལ་བའི་མཛའ་གཤིས་ཀྱི་སེམས་པས་བསླངས་ཏེ།...
>>
<< 1 | 2

སྣ་ཚོགས་དཔྱད་གླེང་།

Date
By
Subject

རྒན་ལགས་ལ་བཅར་འདྲི་ཞིག་བྱས་ན་ཆོག་གམ།

རྒན་ལགས་སུ་བཅར་འདྲི་ཞིག་བྱས་ན་ཆོག་གམ།ཆོག་ན་གཤམ་གསལ་ལྟར་ཡིན།
༡༽རྒན་ལགས་དང་སྙན་ངག་གཉིས་ཀྱི་བར་ན་ཐུན་མོང་གི་ཁྱད་ཆོས་ཅི་ཞིག་ཡོད་དམ།
༢༽རྒན་ལགས་ཀྱི་སྙན་ངག་དང་རྒན་ལགས་ཀྱི་རང་གཤིས་གཉིས་དོ་མཉམ་པ་ཨེ་ཡིན་ནམ།
༣༽སྙན་ངག་ལ་མཚན་ཉིད་མེད་ཟེར་བ་དེར་འཐད་པ་ཨེ་ཡོད།རྒྱུ་མཚན་ཅི།
༤༽སྙན་ངག་ཅིག་གསོ་སྐྱོང་གནང་རྒྱུ་ནི་བུ་ཕྲུག་ཅིག་གསོ་སྐྱོང་གནང་བ་དང་ཁྱད་པར་མེད་ཟེར་བ་དེར་ལྟ་ཚུལ་ཅི་ཡོད།
༥༽རྒན་ལགས་ཀྱི་སྙན་ངག་མང་ཆེ་བ་འཇིག་རྟེན་པའི་འདོད་སྤྱོད་དག་ཡིན་པས་དངོས་སུ་མྱོང་ནས་བྲིས་པ་ཡིན་ནམ་རྟོགས་བཟོ་བྱས་ནས་བྲིས་པ་ཡིན་ནམ།
༦༽སྒྱུ་རྩལ་རྩོམ་རིགས་དག་སློབ་ཚན་ཁྲིད་དུས་རང་ཉིད་དེའི་ནང་གི་ཚོར་བ་དང་མཉམ་དུ་འཕག་འཚག་བརྒྱབ་ན་ཕན་རླབས་ཆེའམ།

Date
By
Subject

བཀྲིས་བདེ་ལེགས་ཞུ།

ཁྱེད་ཀྱི་ཁྱིམ་གཞི་འདི་ནི་ཅི་འདྲའི་རིན་ཐང་ལྡན་པ་མཐོང་བ་ཙམ་གྱིས་སྦི་རེག་དུམ་བུ་གང་འཐུང་བ་ལྟ་བུའི་སྤྲོ་སྣང་འདུག་པས་ནམ་ཁོམ་དུས་དེ་དུས་འཛུལ་ནས་ལོངས་སུ་སྤྱོད་བཞིན་ཡོད་ལ།ནམ་སྒོར་མོ་ཡོད་དུས་དེ་དུས་ནང་དུ་འཛུལ་ནས་རོལ་མྱོང་བྱེད་བཞིན་ཡོད་པས་དགའ་མགུ་ཡི་རང་གིས་བརྟས་སོང་།ཐུགས་རྗེ་ཆེ།སྙན་ངག་དང་སྙན་ངག་པ་འབའ་སྲས་གཉིས་དུས་གཏན་དུ་གནས་པར་སྨོན།

Date
By
Subject

་ལེགས་སོ།

ལ་རྒྱ་གཅིག་པའི་བོད་མི་གཞིས་བྱེས་གཉིས།།
བཙན་རྒྱལ་རྒྱ་དམར་གཡོ་བྱུས་འཇམ་རྩུབ་གཉིས།།
འཛམ་གླིང་རྒྱལ་ཁབ་རྒྱབ་མདུན་ངོ་ལྐོག་གཉིས།།
བོད་ཀྱི་ལས་དབང་འཆི་གསོན་འགག་རྩ་གཉིས།།

Date
By
Subject

བཀའ་དྲིན་ཆེ།

ཟླ་སྒྲོན་ལགས་ཀྱིས་སྙན་ཚིག་ཅིག་འདིར་བཀོད་པར་བཀའ་དྲིན་ཆེ།

Date
By
Subject

དགོངས་དག

ངའི་དྲ་ཚིགས་སུ་ཕེབས་ནས་སྡེ་ཚན་འདིའི་ནང་རྟེན་འབྲེལ་ཞུ་ཡིག་རྣམས་ད་བར་བདག་གིས་ལྟ་ཐུབ་མ་བྱུང་བས་དགོངས་དག་ཞུ་བ་དང་། སླད་ནས་ཀྱང་ཕེབས་ནས་རང་རང་གི་དྲན་ཚོར་དག་རང་དབང་གིས་འདིར་བྱོ་བའི་རེ་ལྟོས་ཆེ།

Date
By
Subject

སྙིང་གི་ན་ཟུག། །

སྐྱིད་སྡུག་འདྲེས་མའི་ཡངས་པའི་རྒྱལ་ཁམས་འདིར་། །
མི་ཡི་ལུས་རྟེན་ཐོབ་པ་མཚུངས་གྱུར་ཀྱང་། །
རིགས་རུས་མཐོ་དམན་གླིང་བའི་འཆལ་གཏམ་འདིས།།
སྙིང་ལ་ན་ཚའི་ཟུག་གཟེར་ཐིངས་མང་བསླངས། །
ཕུག་འདུན་བསམ་བློ་གཅིག་པའི་གངས་ཅན་པ།་།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམས། །
རྣོ་ངར་མཚོན་གྱི་སོ་ཁ་ནང་ལ་བསྐོར། །
གཤིས་རྒྱུད་དར་དཀར་འདྲ་བ་དགྲ་ལ་བསྟན། །
བདེན་པའི་ཐར་ལམ་འཚོལ་བའི་རྒན་འཁོགས་ཚོས། །
ངག་ནས་གྱེར་བའི་ཡིག་དྲུག་དབྱངས་རེ་སྙན། །
ལག་གི་འཁོར་ཆུང་གསེར་དང་དངུལལས་བྱེད། །
ཡིད་ཀྱི་མེ་ལོང་ངོས་སུ་ཅི་ཞིག་འཆར། །
གཟི་བྱིན་བཟོད་པར་དཀའ་བའི་དཔོན་འགས། །
རྒྱུན་དུ་གླུ་དང་རྩེད་འཇོའི་གར་ལ་རོལ། །
ཕུག་ཀྱི་ནོར་དུ་དམངས་ཀྱི་རྔུལ་ཆུ་བསོགས། །
ཡིད་ལ་དབང་དང་ཐོབ་ཐང་ཁོ་ན་བསམ། །
ལས་འབྲས་གནད་ལ་རྨོངས་པའི་བསྟན་དགྲ་འགས། །
དོན་མེད་སྲང་མདོ་རྣམས་སུ་ཁྱི་བཞིན་མྱུལ། །
མ་ཎི་འབྲུ་དྲུག་དོན་ཙམ་མ་ཤེས་པར། །
ཕགས་པའི་དགེ་འདུན་དུ་གྲལ་ད་ཡིན་མདོག་བྱེད། །
སྔར་བྱོན་མེས་པོ་དམ་པའི་ཚོགས་རྣམས་ཀྱི། །
ཁྲག་དང་རྔུལ་ཆུས་གྲུབ་པའི་རིག་དངོས་རྣམས། །
ཉིན་བཞིན་གཞན་ཡུལ་གྱར་བའི་སྣང་ཚུལ་འདིས། །
སྐྱོ་བའི་མིག་ཆུ་ལྷུང་བ་ལན་གཅིག་མིན། །
རྒན་པ་རྣམས་ཀྱིས་སྦག་ཁང་སྔས་སུ་བརྟེན། ་།
གཞོན་ནུ་རྣམས་ཀྱིས་ཨར་ཁང་ཚང་དུ་བྱེད། །
བཙུན་པ་ནང་མ་ཁང་དུ་གཉིད་དུ་ཡུར། །
ཚུལ་དེ་མཐོང་བས་སྙིང་ལ་ཟུག་གཟེར་སྐྱེས། །
དུས་རབས་ཉེར་ཕྱོགས་པའི་བོད་ཕྲུག་རྣམས། །
ལྔ་རིག་ནོར་བུ་རིན་ཆེན་གཏེར་གྱི་མཛོད། །
འཛིན་སྐྱོང་སྤིལ་བའི་ལས་ལ་མི་བརྩོན་པར།། །
དོན་མེད་བྱ་བས་དུས་ཀུན་བསྐྱལ་བར་ཕངས། །

Date
By
Subject

སུ་ཡིད་རིང་ཡོད

སྙན་ངག་གི་གྲོང་ཁྱེར་འདི་ལེགས་གྲུབ་བྱུང་པར་རྟེན་འབྲེལ་གྲངས་མེད་ཞུ།


Date
By
Subject

བཀྲ་ཤིས་བདེ་ལིགས།

རྒན་ལགས་ཀྱིས་རིན་ཐང་ལྡན་པའི་དྲ་ཚིགས་འདི་སྒོ་ཕྱེ་བར་བཀྲ་ཤིས་བདེ་ལེགས་དང་རྗེས་སུ་ཡིད་རིང་ལྷན་
དྲ་ཚིགས་འདི་རྒྱུད་ནས་ཁྱོད་ཀྱི་ནང་མི་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

Date
By
Subject

རྟེན་འབྲེལ་ཞུ།

རྒན་ལགས་ཀྱིས་དུས་རབས་ཀྱི་འགྲོས་དང་མཐུན་པར་སྙན་ངག་གི་གྲོང་ཁྱེར། ཞེས་པའི་དྲ་ཚིགས་གསར་བསྐྲུན་ལེགས་གྲུབ་བྱུང་པར་རྟེན་འབྲེལ་གྲངས་མེད་ཞུ།

Date
By
Subject

སྨོན་ཚིག

རྒན་ལགས་ཀྱི་དྲ་ཚིགས་གསར་བ་སྒོ་ཕྱེ་བར་བཀྲ་ཤིས་སྨོན་འདུན་ཞུ།

1 | 2 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།