རང་གིས་འབྲི་འདོད་ཆེ་ཞིང་གཞན་གྱིས་ཀློག་འདོད་མེད་པའི་ངའི་སྙན་ངག་འདི་དག ངའི་མི་ཚེ་དང་བསྡོངས་ནས་འདིར་

བསླེབས་ཡོད་ལ། ཤི་འདོད་མེད་པའི་ང་དང་ངའི་སྙན་ངག་གཉིས་ནམ་ཡང་འདི་ལྟར་གསོན་འདོད།

Poll

ཁྱེད་ཀྱིས་ཀློག་བཞིན་པའི་ཟིན་བྲིས་འདིའི་སྒྲིག་སྦྱོར་ག་འདྲ་འདུག་གམ།

རབ། (110) 44%

འབྲིང་། (70) 28%

མཐའ། (71) 28%

Total votes: 251

Tags

  1. འཕྲིན་ཡིག་ཆང་ཁའི་གཏམ།
  2. རྨ་ཡུལ་འབྲོག་མོ།
  3. car
  4. E.g.: holiday
  5. གཅེས་ཕྲུག་གསུམ། བོད་སྐད་ཤོད།
  6. བདེ་སྐྱིད་གསུམ་འཛོམས།
  7. བཟའ་འཁོན་ནི་བརྩེ་དུང་ཡིན།
  8. ཤར་གྱི་འབྲུག་སྐད་ནུབ་ཏུ་ལྡིར།
  9. ང་ཚོ་མཉམ་དུ་འཕུར།
  10. རྣོ་སྦྲེང་ལ་བསྐུར་བའི་འཕྲིན།
  11. ས་མཐའི་སྐྱོ་གླུ།
  12. དྲན་གདུང་གི་མིག་ཆུ།
  13. ཨ་མ་ལགས། ལོ་སར་བཟང་།
  14. རྩམ་པ།
  15. རྒྱང་རིང་གི་ཆུང་མ།
  16. སྙན་ངག་འབྲི།
  17. སྒོར་མོ།
  18. བདེ་ཆེན་སྒྲོལ་མར་སྤྲིངས་པའི་འཕྲིན།
  19. འཇིག་རྟེན་འཁོར་བ་མི་སྐྱིད་གི
  20. ཨ་མའི་བཀའ་དྲིན་ཨ་ཕས་ཤེས་ན་འགྲིག
  21. ཕྱི་རྒྱལ་ཡུལ་ན་ཅི་ཡང་མེད།
  22. མཇེ་ཡི་ཐོབ་ཐང་རྩོད་པ།
  23. བརྗེད་དཀའ་བའི་རྡ་རམ་ས་ལ།
  24. གསང་བ་བྱེད་རོགས།
  25. ཨ་མས་བསྐྱངས་པའི་བུ་ཕྲུག་གསུམ།
  26. འཁྲིག་སྤྱོད་དམར་པོ།
  27. ང་ཡི་ཀ་ཁ་ང་ཡིས་སྦྱང་ཆོག
  28. བདག་དང་དཔྱིད་ཀ
  29. འཁྲིག་པས་ངུས་པ་ད་ཐེངས་ཡིན།
  30. ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས།

འཕྲིན་གསར།

Date
By
Subject

Re: རྒན་ལགས་ལ་འོ་བརྒྱལ་ཞིག་ཞུ་དགོས་སོང་།

སྐྱིད་ལ་དགོད་འཚམས་འདྲི་དང་དགའ་བསུ་ཞུ།

༡ བརྗོད་ཚུལ་དང་རྗོད་བྱེད་གཉིས་ལས་གཙོ་བོ་རྗོད་བྱེད་ལ་ལྟ།
༢ རང་མོས་ཀྱི་དོན་མི་ཚང་ཡང་དེ་ལྟར་འབོད་ཀྱིན་པས་ཡིན།
༣།༤ བོད་ལ་རང་མོས་འབྲི་ཐབས་འདི་མེད་པས་ཡིན། འོན་ཀྱང་གཏན་ནས་མེད་པར་མི་འདོད་མཁན་ཡང་ཡོད། དཔེར་ན།
འ་བ་ཉི་ཉེ་བ་ཉིད།
བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག།
ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག
བརླའ་བརྡུངས།
སྤུར་བཏབ།
འོ་དེ་མྱེད་སྤུ་དེ་མྱེད།

- རི་ལས་སྐྱེས་ཀྱིས།
༥ མེ་ལོང་མ་བོད་ཀྱི་སྙན་ངག་དང་འཚོ་བར་མཐུན་པའི་གནད་ཧ་ཅང་མང་། མིང་ཚིག་འགའ་རེར་མི་མཐུན་པར་བདེན། འོན་ཀྱང་ཚིག་ལས་དོན་གཙོ། མེ་ལོང་མ་བོད་ལ་བསྒྱུར་དགོས་པའི་རྒྱུ་མཚན་གསུམ་ཡོད། འདིར་མང་དྲག་པས་བཞག
༦ བསྟོད་རྩོམ་མང་བ་མེ་ལོང་མའི་སྐྱོན་མ་རེད། བོད་སྤྱི་ཚོགས་ཀྱི་སྐྱོན་རེད། སྐབས་དེར་བོད་ཀྱི་གནས་བབ་ཆོས་ཕྱོགས་སུ་འཐིམས་ཡོད་པས་རེད།
ཡིག་ནོར་ཡོད་ན་དགོངས་དག་ཞུ། འདིར་འབྲི་བདེ་བོ་ཞིག་མི་འདུག

Date
By
Subject

སྙན་ངག་གི་གྲོང་ཁྱེར་ལ་མགྲོན་དུ་ཡོང་ཡོད།

སྙན་ངག་གི་གྲོང་ཁྱེར་ན་སྙན་ངག་གི་མཆོད་ཆང་དང་།
སྙན་ངག་གི་འགྱུར་ཁུགས།
སྙན་ངག་གི་མཛེས་མ།
སྙན་ངག་གི་བརྩེ་དུང་།
ད་དུང་སྙན་ངག་གི་འབྲོག་མོ་བཅས་ཡོད་པས།
ངས་ཅི་ཞིག་ལ་འདོད་ཧམ་གྱིས།
གང་ཞིག་ལ་དམིགས་བཀར་གྱིས།
སྙན་ངག་པའི་སེམས་ཁམས་རྫུན་མ་ཞིག་དང་འགྲོགས་ཏེ།
སྙན་ངག་གྲོང་ཁྱེར་དུ།
མ་བོས་པའི་མགྲོན་པོར་ཡོང་ཡོད།

Date
By
Subject

Re: སྙན་ངག་གི་གྲོང་ཁྱེར་ལ་མགྲོན་དུ་ཡོང་ཡོད།

ཕེབས་བསུ་ཞུ།

<< 1 | 2 | 3 | 4 | 5 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།