སྙན་ངག་པ་འབའ་སྲས་དང་ཁོའི་ཆུང་མ་གླེང་བ།

28/02/2012 19:41

 

   སྙན་ངག་པ་འབའ་སྲས་དང་ཁོའི་ཆུང་མ་གླེང་བ།  

ཁ་སྒང་འབའ་སྲས་གླེང་སྐབས། ཁག་ཅིག་གི་ཁ་སྤུ་ནག་རོག་གེར་ཡོད་ཅིང་ཁ་གྲག་རྒྱུར་དེ་ཙམ་མི་དགའ་བའི་ཁ་བ་གངས་ཅན་པའི་མི་བུ་ཞིག་མིག་ལམ་ཤར་ཡོང་བ་ངས་ཁེག་ཐེག་བྱེད་ཐུབ།

ཁ་གྲག་རྒྱུར་དེ་ཙམ་མི་དགའ་མོད། ཁ་བཙོག་སྙན་ངག་འབྲི་རྒྱུ་དང་ཁ་ལ་གཞས་རྒྱང་འཐེན་བྱ་རྒྱུར་ཁ་སྒང་བ་འདི་ཧ་ཅང་དགའ་བས་མི་མང་པོ་ཞིག་གི་སེམས་ནང་དུ་དོགས་པ་གཞན་ཞིག་བསླངས་དང་སློང་བཞིན་ཡོད། དོགས་པ་དེ་ཡང་ཁ་གསལ་ཙམ་བཤད་ན་ལས་སླ་བོ་ཞིག་སྟེ། ཁ་བཙོག་ཤོད་རྒྱུ་མང་དྲགས་ན་ཁ་སེམས་མཐུན་པའི་ཆུང་མ་ཡིན་ཀྱང་ཁ་རྡུང་གཏོང་བ་དེ་ཁ་གསལ་གཏིང་གསལ་རེད། 

སྙན་ངག་པ་ཞིག་ལ་མཚོན་ན་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྟོག་འཆར་གྱི་ལམ་བུ་བརྒྱུད་ནས་བསམ་གཞིག་གྲངས་མེད་ཀྱི་ཞིང་ཁམས་ཉུལ་རྒྱུ་དེ་མི་ཚེའི་བདེ་སྐྱིད་དུ་སེམས་བཞིན་ཡོད་ལ། དེ་ནི་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་ངལ་གསོ་དང་བག་ཡངས། ཡང་ན་རྒྱལ་ཁ་ཞིག་ཏུ་རློམ་བཞིན་ཡོད།   སྙན་ངག་པ་ནི་སྒྲོག་ལས་ཤོར་བའི་རྟ་མཆོག་ཇི་བཞིན། མངོན་འདོད་ཀྱི་ཐང་གཤོངས་ཆེན་པོར་བང་རྩལ་གྱིས་མཆོང་སྐྱོད་བྱེད་བཞིན་ཡོད་མོད། ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག་དང་ཆོས་ལུགས་སོགས་ཀྱིས་སྙན་ངག་པ་དག་ལ་གནོན་ཤུགས་འདྲ་མིན་ཐེབས་ཏེ། སྙན་ངག་པའི་སེམས་ཁམས་ལ་དམར་གསོད་ཚབས་ཆེན་ཐེབས་དང་ཐེབས་བཞིན་ཡོད། སྙན་ངག་པ་འབའ་སྲས་ལ་མཚོན་ན། ཆབ་སྲིད་དང་ཆོས་ལུགས་སོགས་ཀྱི་གནོན་ཤུགས་དེ་ཙམ་ཐེབས་དཀའ་མོད། ཁོའི་སྙན་ངག་སྐོར་ཞིག་བཀླགས་དུས་ངས་ཁོང་རྣ་བ་ལྕགས་ཀྱིས་བཀབ་པའི་སྙན་ངག་པ་ཞིག་ཏུ་མཐོང་གིན་ཡོད། གང་ཞེ་ན། ཁོའི་སྙན་ངག་<< འདོད་གཏམ་ལག་ལེན་གྱི་སློབ་ཁྲིད>> དང་ <<བརྩེ་དུང་གི་དུས་ཆེན་ལ་རོལ་བ། >> <<སྐྲ་སེར་མ་ཞིག་གྲོགས་ལ་བཀུག>> <<མཇེ་ཡི་ཐོབ་ཐང་རྩོད་>>སོགས་བལྟ་ཀློག་བྱེད་སྐབས་ཁོའི་ཆུང་མའི་གནོན་ཤུགས་འོག་ནས་ཅི་འདྲའི་རྣ་སྡུག་ཆད་མེད་ཅིག་མྱོང་བཞིན་ཡོད་ཨང་བསམ་པ་ཞིག་རང་དབང་མེད་པར་སེམས་ལ་དྲན་འོང་། གང་ཞེ་ན་གཉེན་སྒྲིག་ཟིན་པའི་སྙན་ངག་པ་ཞིག་གི་སྙན་ངག་ལས་འདི་ལྟ་བུའི་ཆགས་བརྗོད་སྙན་ངག་ཧ་ཅང་མཐོང་དཀོན་པོ་ཡིན།

ཉིས་སྟོང་བཅུ་ལོར་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ནས་ཁོང་དང་སྟེས་དབང་གིས་འཕྲད་ཅིང་། ཆ་མེད་ནས་རྒྱུས་ཡོད་དུ་གྱུར། དུད་ཆང་གི་རམ་འདེགས་འོག་ནས་ངེད་གཉིས་གླེང་མོལ་མང་པོ་བྱས་ཤིང་། ངས་ཁོང་ལ་སྙན་ངག་འདི་ལྟ་བུ་འབྲི་སྐབས་ཆུང་མའི་གནོན་ཤུགས་ཐེག་ཐུབ་པ་དེ་ཁྱེད་རང་རླབས་ཆེན་དང་སྙན་ངག་ལ་བཅངས་པའི་འདུ་ཤེས་བརྟན་བརླིང་དང་། དུང་བ་གཏིང་ཟབ་ཡིན་ཚུལ་བཤད་མྱོང་། ཁོས་བཤད་ན། དེ་ནི་ང་ལ་མཚོན་ན་དཀའ་ངལ་ཕྲན་བུ་འང་མེད་པར་མ་ཟད། ཆུང་མའི་ངོས་ནས་ཁོང་གི་སྙན་ངག་ཅི་འདྲ་ཞིག་བྲིས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ལས་མི་འདོད་པའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་སྟོན་མྱོང་མེད་ཟེར། སྙན་ངག་གི་བརྗོད་བྱ་ཅི་ཞིག་ཡིན་མིན་དང་། སྙན་དེབ་དག་དཔར་སྐྲུན་གྱི་འགྲོ་སོང་ཐད། ཆུང་མའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ཏེ་རྒྱབ་སྐྱོར་བྱེད་རྐྱང་ཡིན་པར་མ་ཟད། སྐབས་རེར་འབའ་སྲས་ཀྱི་ཁ་བཙོག་སྙན་ངག་དམར་རྗེན་རེ་བྲིས་ཤིང་། ཆུང་མ་དང་མཉམ་དུ་བཀླགས། ཆུང་མས་གད་མོ་དང་བཅས་འཇོན་མདོག་ཡོད་ཟེར་བ་ཙམ་ལས་ཅི་ཡང་མི་སྨྲ། ང་རང་རྒྱ་གར་དུ་ཡོད་དུས་འབའ་སྲས་ཀྱི་ཆུང་མ་ལས་ལ་བརྩོན་པའི་བུ་མོ་ཞིག་ཡིན་པ་ཙམ་ཤེས་པ་ལས་ཞིབ་ཕྲའི་ཆ་རྒྱུས་དེ་ཙམ་མེད་མོད། དོན་དངོས་ཐོག་འབའ་སྲས་ཀྱི་ཆུང་མར་མཚོན་ན་སེམས་ཁམས་མཁའ་ལས་ཡངས་པའི་བུད་མེད་ཅིག་དང་། རྩོམ་པ་པོའི་སེམས་ཁམས་ལ་བསྟུན་མཁས་ཤིག་ཡིན་པས་ད་གཟོད་འབའ་སྲས་ལ་སྙན་ངག་འདི་དག་ཆུ་རྒྱུག་རྒྱུག་བྱས་ནས་ཀློད་པའི་དཔའ་རྩལ་དེ་བྱུང་བ་རེད། གཤམ་དུ་འབའ་སྲས་ཀྱི་སྙན་ངག་སྐོར་ཞིག་ལ་ང་ཚོས་མཉམ་དུ་རོལ་མྱོང་ཞིག་བྱེད་དང་། ད་གཟོད་འབའ་སྲས་ཀྱི་ཆུང་མའི་གུ་ཡངས་སེམས་པ་ང་ཚོས་གསལ་བོར་ཤེས་ནུས།

    དགའ་རོགས་དུས་ཆེན་ལ་རོལ་བ།

ལས་འགོ་ཚུགས་ནས་ཅུང་ཙམ་མ་འགོར་བར།།
དགའ་རོགས་མ་ཡི་འཕྲིན་ཐུང་འདི་ལྟར་འབྱོར།།
བཀྲ་ཤིས་བདེ་ལེགས་ཁྱེད་རང་གང་ན་ཡོད།།
ལས་ཀ་མེད་ན་ངེད་གཉིས་དེ་རིང་ཐུག །

དེ་རིང་ཉིན་མ་དགའ་བོ་སྒྲིག་པའི་ཉིན།།
དགའ་བོ་ཞེ་འདང་ཡོད་ན་དེ་རིང་ཤོག །
དེ་རིང་ཉིན་མོ་འདི་ལ་མ་ཐོན་ན།།
སང་ཉིན་ནས་བཟུང་ཡོང་རྒྱུ་མ་ཟེར་རོགས།། 

བདག་གི་ཁ་པར་སྟེང་ལ་དགའ་རོགས་མས།།
སྤྲིངས་པའི་ཡི་གེ་མྱུར་ཏུ་བཀླགས་མ་ཐག །
སྦྱིན་བདག་ཆེན་མོར་དེ་རིང་དགོངས་པ་ཞིག །
ཅིས་ཀྱང་གནང་རོགས་མཛོད་ཅེས་ནན་གྱིས་སྐུལ།།

སྦྱིན་བདག་ཆེན་མོས་བདག་སེམས་ཤེས་པ་འམ།།
ཡང་ན་ལས་ཀ་མང་བ་མེད་དམ་ཅི།།
དགོངས་པ་ཞུ་དགོས་རྒྱུ་མཚན་མི་འདྲི་བར།།
ཡ་ཡ་སང་ཉིན་ཡོང་ན་འགྲིག་ཅེས་བརྗོད།།

དེ་མ་ཐག་ཏུ་སྒོ་ཡི་ཕྱི་ལ་བུད།།
ཁ་ཆེ་མེ་ཏོག་ཚོང་ཁང་ཞིག་ཏུ་ཆས།།
དམར་ཞིང་གད་མ་ཐག་པའི་མེ་ཏོག་ཅིག །
ཉོས་ཏེ་དགའ་མོའི་ཁྱིམ་ལ་ཤར་སའི་བཏང་།།

དགའ་རོགས་མ་ཡི་ཁང་པ་ཚ་ལམ་ལམ།།
དགའ་རོགས་མ་ཡི་ངོ་མདངས་འཛུམ་མུལ་མུལ།།
དགའ་རོགས་མ་ཡི་ཉལ་ཁྲི་དྲོད་ཤིག་ཤིག །
དགའ་རོགས་མ་ཡི་ལུས་པོ་འཇམ་མཉེན་མཉེན།།

མེ་ཏོག་དམར་པོ་ལག་པའི་མཐིལ་ལ་བཞག །
ཆགས་མདངས་དམར་པོ་ཕན་ཚུན་གདོང་ནས་བཞད།།
མེ་ཏོག་དམར་པོ་བཞད་པའི་འདབ་མ་ཐག །
ཕན་ཚུན་སྙིང་ལ་བྲེས་པའི་མལ་སར་ལྷུང་།།

དགའ་རོགས་མ་ཡི་ནུ་ཁེབས་བདག་གིས་ཕུད།།
བདག་གི་སྟོད་གོས་སྒྲོག་བུ་མོ་ཡིས་གྲོལ།།
དམར་ཧྲེང་དམར་རྗེན་བུད་པའི་ལུས་པོ་གཉིས།།
གྱང་ངོས་མེ་ལོང་ནང་དུ་གསལ་ལེར་ཤར།།

བདེ་བའི་མལ་ཁྲི་ཧ་ཅང་འཇམ་ན་ཡང་།།
ཆུ་ནང་ཉ་མོ་ས་ཁར་བཏོན་པ་དང་།།
སྡོང་མགོའི་བྱིའུ་ཆུང་ཆུའི་ནང་ལྷུང་བ་བཞིན།།
བཟོད་ཐབས་མེད་པའི་ཚ་གྲང་ཁོངས་ནས་རྒྱས།།

སྐབས་འགར་ལྷ་ཡི་ཁམས་སུ་བསླེབས་པ་བཞིན།།
མགོ་ནས་རྐང་མཐའི་བར་དུ་སྐྱིད་སིང་སིང་།།
ལན་རེར་ཚ་དམྱལ་དོང་ལ་ལྷུང་བ་ལྟར།།
ཆད་པ་མེད་པའི་རྔུལ་ནག་ཆུ་བཞུར་བཞུར།།

བཀྲེས་སྐོམ་སྡུག་གིས་མནར་བ་མ་ཡིན་ཡང་།།
བྲང་སྐྱེས་འོ་མ་ཟླུམ་པོ་ཟ་ལ་ཁལ།།
དགྲ་བོའི་ཤ་འཁོན་རྩོད་པ་མ་ཡིན་མོད།།
རྣོ་བའི་སོར་མོའི་བདག་གི་སྐེད་པ་གཤགས།།

ཕན་ཚུན་འཐབ་པ་ཡུན་རིང་མ་འགོར་བར།།
རྡོ་རྗེ་ནག་པོ་ཁྲོས་པའི་ཁ་ནང་ནས།།
འདོད་མྱོས་ཆགས་པའི་སེམས་པ་སྡོམས་ཤིག་ཅེས།།
འཁྲིག་པ་ཐིག་ལེ་དཀར་པོའི་ཞགས་པ་འཕངས།།

སྲོག་གི་རྣམ་ཤེས་གཤིན་རྗེས་འཁྲིད་པ་བཞིན།།
འགུལ་ཙམ་མི་ནུས་དགའ་རོགས་མ་ཡི་ལུས།།
བེམ་རོ་བཞིན་དུ་བདེ་བའི་མལ་ས་ན།།
བརླ་ཁ་གཉིས་ཀ་བསྐྱེད་དེ་སིམ་མུར་གནས།།

དགའ་རོགས་ཉིན་མོར་འདོད་པའི་དགའ་སྟོན་འདི།།
དགའ་རོགས་ཡོད་ན་ལོ་གཅིག་བརྒྱ་ཡང་ཉུང་།།
ཁེར་ཉལ་ཁེར་འདུག་ཕོ་ཧྲེང་མོ་ཧྲེང་ཚོར།།
ཟླ་གཅིག་ཐེངས་བཅུ་ཡོད་ཀྱང་ཅི་ལ་ཕན།།

དགའ་རོགས་ཉིན་མོར་དགའ་བོ་ཐེངས་གཅིག་གཡེབ།།
ཐེངས་གཅིག་གཡེབ་པའི་དགེ་བ་བརྒྱ་འགྱུར་གྱིས།།
དགའ་རོགས་མ་རེག་ཕོ་ཧྲེང་མོ་ཧྲེང་ཚོའི།།
འདོད་པའི་ན་ཟུག་འཇོམས་པའི་བཀྲ་ཤིས་ཤོག །

 

བདེ་སྐྱིད་སུམ་འཛོམས།

ཕ་རེ་སི་ནས་ཁང་བ་རྫིག་པོ་ཞིག །
ཉི་ཧོང་མི་རིགས་ཆུང་མ་བཟང་མོ་ཞིག །
ཙི་ནའི་ཡུལ་གྱི་ཇ་མ་མཁས་པ་ཞིག །
འདི་གསུམ་ཚང་ན་བདེ་སྐྱིད་གསུམ་འཛོམས་ཡིན།།

ཁ་ཆེ་བུ་མོ་འདྲ་བའི་གདོང་བ་ཞིག །
མི་ནག་བུ་མོ་མ་ཡི་རྐུབ་ཤ་ཞིག ། 
སྐྲ་སེར་མ་ཡི་བྲང་གི་ནུ་མ་ཞིག །
འདི་གསུམ་ཚང་ན་འདོད་པ་རང་འགྲུབ་ཡིན།།

ཁ་བའི་རང་མདངས་འདྲ་བའི་སེམས་གཤིས་ཤིག །
ཆུ་སྐྱེས་འདབ་མ་ལྟ་བུའི་མཛེས་སྡུག་ཅིག །
རྫ་ཆུ་བསིལ་མར་མཚུངས་པའི་ངང་རྒྱུད་ཅིག །
འདི་གསུམ་ཚང་ན་བརྩེ་བ་ཇེ་ཟབ་ཡིན།།

ཙ་རིའི་སྨྱུག་མ་ལྟ་བུའི་སྐུ་གཟུགས་ཤིག །
སྟོན་གྱི་ཟླ་བར་འགྲན་པའི་ཞལ་རས་ཤིག །
ཐོ་རངས་སྐར་ཆེན་འདྲ་བའི་ཟུར་མིག་ཅིག །
འདི་གསུམ་ཚང་ན་ཆགས་པ་རང་འཕེལ་ཡིན།།

གླང་ཆེན་མཆེ་བ་ལྟ་བུའི་བརླ་ཤ་ཞིག །
དུང་དཀར་བུམ་པར་མཚུངས་པའི་ནུ་མ་ཞིག །
གྲི་ཡིས་གཤགས་པ་འདྲ་བའི་གཉའ་མ་ཞིག །
འདི་གསུམ་ཚང་ན་དགེ་བ་རང་འཐོབ་ཡིན།།

བལ་གྱི་མེ་ཏོག་ལྟ་བུའི་འཇམ་ཤ་ཞིག །
དབྱར་ཀའི་ཚ་བར་དང་མཚུངས་དྲོད་ཤ་ཞིག །
གསར་སྐྱེས་ཙན་དན་འདྲ་བའི་དྲི་ཞིམ་ཞིག །
འདི་གསུམ་ཚང་ན་ཉལ་ས་དྲོད་པོ་ཡིན།།

སྤྱང་ལྟོགས་བཀྲེས་པ་ལྟ་བུའི་ངུ་སྐད་ཅིག །
ལྒང་བུ་ས་ལ་རྡེབ་འདྲའི་ཡར་རྒྱག་ཅིག །
ཆང་ཁུ་བསིལ་མ་བཙག་ལྟར་གཡའ་ཆུ་ཞིག །
འདི་གསུམ་ཚང་ན་ཁུ་བ་རང་ཤོར་ཡིན།།                            

                             

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།