གབ་ཚིག་སྐྱིད་པོ།
31/03/2012 17:36
ཁ་མིག་སྣ་དང་རྣ་ཡི་འོག་རོལ་ན།།
བྲང་ཁ་གྲུ་བཞི་ལེབ་མོ་གདན་སྟེང་ན།།
འབུར་འབུར་ཆ་གཅིག་ཆགས་པའི་སྙིང་སྡུག་ཅིག །
ཡིད་འོང་དེ་ཡི་མིང་ལ་ཅི་ཞིག་ཟེར།།
ལྟེ་བ་གཡས་འཁྱིལ་འཁོར་ལོའི་འདབས་ཤིག་ན།།
རྐང་པ་བརླ་ཁ་ཕྱེས་པའི་ཕུག་མདོ་རུ།།
སྟུག་པོ་རྒྱ་རྫོང་ནགས་ཀྱི་དཀྱིལ་དབུས་སུ།།
སོ་མེད་ཁ་ཅན་དེ་ཡི་མིང་ལ་ཅི།།
བརླ་ཤ་ཙོང་སྐམ་འདྲ་བའི་ཡར་ངོས་སུ།།
སྐེད་པ་སྒ་ཁོག་ལྟ་བུའི་མར་ངོས་ན།།
མར་གྱི་གྲོད་པུ་འདྲ་བའི་རྡོག་རྡོག་གཉིས།།
ཨོང་ཤ་མི་ཟེར་འདི་ཡི་མིང་ལ་ཅི།།
ཕ་བོང་རྡོག་རྡོག་གཉིས་ཀྱི་ཁྲི་སྟེང་ན།།
ར་རྩུད་ནག་པོ་འཐག་པའི་གདན་དཀྱིལ་དུ།།
གཉིད་ན་སྙི་ཞིང་ལངས་ན་མཁྲེགས་པ་ཡི།།
མིག་མེད་ཁ་གཅིག་ཅན་འདིའི་མིང་ལ་ཅི།།
མཚན་མོ་མུན་པ་འཐིབས་ན་གཡག་གི་རྭ།།
ཉི་མ་ཤར་ཚེ་ལ་ཕུག་རྙིད་པ་འདྲ།།
སྐྱུག་པ་བསྐྱུག་ན་རུས་པའི་རྐང་དཀར་བསྐྱུགས།།
དབྱར་རྩྭ་དགུན་འབུ་འདི་ལ་མིང་ཞིག་གསོལ།།
Tags:
———
Back