ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།

02/07/2011 00:27

ང་ཡི་སྐྱེས་ཡུལ་གངས་ལྗོངས་ཕྱུག་མོ་ཡིན།།

འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན།།
མ་ཎི་ཡིག་དྲུག་དབྱངས་རྟ་ཐོས་ས་ཡིན།།
ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

ང་ཡི་བཙན་པོ་སྲོང་བཙན་སྒམ་པོ་ཡིན།།
བཅུ་དྲུག་གཙང་མས་རྒྱལ་ཁབ་ཆོས་བཞིན་བསྐྱངས།།
སྲིད་ཀྱི་འཁོར་ལོ་མཐའ་བཞིའི་དབུས་སུ་བསྐོར།།
ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

ང་ཡི་དགེ་རྒན་སློབ་དཔོན་ཐོན་མི་ཡིན།།
གསལ་བྱེད་སུམ་ཅུ་དབྱངས་བཞི་ཡི་གེ་མཛད།།
བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་འདི་ཡིས་ཕྱེས།།
ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

ང་ཡི་བླ་མ་ཡིད་བཞིན་ནོར་བུ་ཡིན།།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཡིན།།
ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

 

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།