ནམ་ཡང་མི་བྲལ་དམ་བཅའ།༼གཞས་ཚིག༽

05/09/2012 14:35

ནམ་ཡང་མི་བྲལ་དམ་བཅའ།༼གཞས་ཚིག༽

འབའ་སྲས།

དཀར་པོ་གངས་ལ་དགའ་ན།།
གངས་རི་འདྲ་ཞིག་ང་ཡིན།།
ཁྱོད་ནི་གངས་སེང་ཡིན་ན།།
གངས་རིའི་རྩེ་ལ་ཕེབས་ཤོག །
གངས་དང་གངས་སེང་རི་གཉིས་ཀ།།
ནམ་ཡང་མི་བྲལ་དམ་བཅའ།།

མཐོན་པོ་བྲག་ལ་དགའ་ན།།
བྲག་རི་འདྲ་ཞིག་ང་ཡིན།།
ཁྱོད་ནི་རྒོད་པོ་ཡིན་ན།།
བྲག་རིའི་མགོ་ལ་འཕུར་ཤོག །
བྲག་དང་རྒོད་པོ་གཉིས་ཀ།།
ནམ་ཡང་མི་བྲལ་དམ་བཅའ།།

གཙང་མོ་ཆུ་ལ་དགའ་ན།།
ཆུ་བོ་འདྲ་ཞིག་ང་ཡིན།།
ཁྱོད་ནི་གསེར་ཉ་ཡིན་ན།།
ཆུ་བོ་གཏིང་ལ་འཛུལ་ཤོག །
ཆུ་དང་ཉ་མོ་གཉིས་ཀ།།
ནམ་ཡང་མི་བྲལ་དམ་བཅའ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།