ཕོ་གསར་མོ་གསར་ཡིན་ན་རྩོམ་འདི་ཀློགས།

28/06/2011 20:07

 རྡ་སའི་རི་གསེབ་དེ་ནས་གནམ་ལ་འཕུར།། 

ཕྱི་གླིང་གྲོང་ཁྱེར་ཞིག་ནས་ས་ལ་བབས།། 
མིག་གཉིས་ཕྱེས་ནས་གཡས་དང་གཡོན་ལ་བལྟས།། 
གཡས་གཡོན་ཐམས་ཅད་སྲེད་པའི་འཇིག་རྟེན་རེད།། 

སྐྲ་སེར་བུ་མོའི་མགོ་སྐྱེས་སེར་ལམ་ལམ།། 
མི་ནག་མ་ཡི་གདོང་མདོག་ནག་རིལ་རིལ།། 
ཁ་ཆེ་བུ་མོའི་ཁ་ངོ་དཀར་སང་སང་།། 
བུད་མེད་ལུས་ཀྱི་ཁ་དོག་འདི་ནས་མཐོང་།། 

མགོ་སེར་བུ་མོ་ལྷ་མོ་འདྲ་བོ་དག ། 
མི་ནག་ཕོ་གསར་གཡག་རྒན་འདྲ་བོ་ཚོའི།། 
རྟ་མཇེ་བོང་མཇེ་འདྲ་བས་ཚིམས་གྱུར་ནས།། 
གཞན་ལ་འདོད་པ་མེད་པའི་གསང་བ་རྟོགས།། 

གནས་སྡོད་ཡིག་ཆ་མེད་པའི་རྒྱ་མོ་ཚོ།། 
ཁ་ཆེ་བགྲེས་པོ་འབྱོར་བ་ཡོད་ནི་ཚོས།། 
སྒོར་མོ་བྱིན་ནས་སྐྱག་ལངས་དང་བ་ཡིས།། 
བོད་པའི་ཕོ་རྐྱང་ཚོ་ཡིས་ཁུག་གི་མེད།། 

ཕྱི་གླིང་ཕོ་གསར་གཟུགས་རིང་སྟོབས་ལྡན་ཚོས།། 
ཁ་ཆེ་བུ་མོ་ཆུང་ཆུང་མཛེས་མ་དག ། 
སྒོར་གྱིས་མ་ཉོས་ཐབས་ཀྱིས་མ་བསླུས་ཀྱང་།། 
རེ་རེའི་རྗེས་ན་རེ་རེ་ཡོད་ཡོད་རེད།། 

མི་རིགས་སྣ་མང་ཕར་བརྗེས་ཚུར་བརྗེས་རེད།། 
འཁྲིག་པའི་བདེ་བ་སུ་ལ་སྤྱོད་སྤྱོད་རེད།། 
བོད་པ་གཟུགས་ཆུང་རླིག་པ་ཐུང་ཐུང་ཚོར།། 
ས་ཆ་འདི་ན་ཟ་སྐལ་ཆད་ལས་ཡོད།། 

བོད་པའི་བུ་མོ་གཟུགས་པོ་ལོག་རིལ་ཚོ།།
མི་ནག་མཇེ་ཡི་བྲོ་བ་མ་རྙེད་ཅིང་།། 
ཕྱི་གླིང་བུ་ཡི་གཟུགས་ཀྱང་མ་ཁུག་པས།། 
གང་ལ་སོང་ན་གྱོང་ཞིག་རེག་བསྡད་ཡོད།། 

བུ་མོ་བུ་མོ་ལུས་ལ་དགའ་བ་དང་།། 
ཕོ་ཡང་ཕོ་ལ་དགའ་བའི་འཇིག་རྟེན་འདིར།།
ཕོ་མོ་ལུས་ལ་དབྱེ་བ་མ་མཆིས་པས།། 
འཁྲིག་པ་སྤྱོད་སྟངས་རྣམ་པ་སྣ་ཚོགས་རེད།། 

ལུགས་སྲོལ་རྙིང་པ་ཞིག་གི་ཁྲིམས་འོག་ནས།། 
འགྲོ་སྟངས་གསར་བ་ཞིག་གི་རྗེས་ལུས་པ།། 
བོད་པའི་བུ་དང་བུ་མོ་སུ་ཡིན་ཡང་།། 
ཕ་མའི་འཛགས་སྟངས་དེ་ལས་གཞན་མི་ཤེས།། 

མི་ཡིས་མི་ལ་སྤྱོད་པས་མ་ཚིམས་པར།།
གློག་གི་སྟུ་དང་འགྱིག་གི་མཇེ་ལ་སོགས།། 
དེང་རབ་ཅན་གྱི་དངོས་པོ་སྣ་ཚོགས་པ།། 
འདོད་པའི་སྐྱབས་སུ་རེ་བ་འདི་ནས་མཐོང་།། 

འཁྲིག་སྤྱོད་ཅ་དངོས་འཚོང་སའི་ཚོང་ཁང་ནང་།། 
འགྱིག་གི་མཇེ་དང་གློག་གི་རྙ་མ་སོགས།།
རང་གི་འདོད་པ་བཞིན་དུ་གང་དགོས་ན།། 
འདི་ན་འཚོང་རྒྱུ་མེད་པ་གཅིག་ཀྱང་མེད།། 

མཇེ་ལ་རྟ་མཇེ་བོང་མཇེ་ཁྱི་ཕག་མཇེ།།
རྙ་མ་ལ་ཡང་མི་ནག་མགོ་སེར་སོགས།།
མི་ཡི་རིགས་དང་དུད་འགྲོ་བོང་མ་དང་།།
ཁྱི་མོ་སོགས་ཀྱི་རྙ་མ་ཤིན་ཏུ་མང་།།

ད་དུང་རྐུབ་དང་ཁ་ཡི་རྙ་མའི་རིགས།།
ལྕེ་དང་འཛུབ་མོ་ལག་པ་འདྲ་བའི་མཇེ།། 
དབྱིབས་དང་རིང་ཐུང་མི་འདྲ་ཁ་དོག་ཀྱང་།། 
དཀར་སེར་སྔོ་ལྗང་དམར་ནག་ལ་སོགས་མང་།། 

ལ་ལ་ཡོང་ནས་རིན་པ་སྤྲད་ནས་ཉོ།། 
ལ་ལ་ཡོང་ནས་མིག་གིས་བལྟས་ནས་འགྲོ།། 
ལ་ལ་ཡོང་ནས་གད་མོ་དགད་ནས་ལྟ།། 
ལ་ལ་ནང་དུ་འགྲོ་ལ་ངོ་ཚ་བྱེད།། 

གཅེར་བུ་དམར་རྗེན་འཁྲབ་སའི་ཞབས་བྲོ་ཁང་།། 
དེ་ལས་ཧ་ལས་ཧང་སང་ལྟད་མོ་འདུག ། 
ནང་དུ་སོང་ནས་ཝུ་ཆང་བཞེས་ཞོར་དུ།། 
ཐ་མག་འཐེན་ཞོར་མཛེས་མའི་ལུས་ལ་ལྟོས།།

མདུན་ཅོག་གྲུ་བཞི་མ་ཞིག་སྟེགས་བུ་བྱས།། 
འདོད་པའི་སྒྱུ་རྩལ་ཁོ་ན་གར་དུ་འཁྲབ།། 
མགོ་ཡི་སྐྲ་ལོ་ཕར་གཡུག་ཚུར་གཡུག་ངང་།། 
རྐུབ་ཡི་ངོས་ལ་ལག་པས་བྱུག་བྱུག་བྱེད།། 

ཅུང་ཙམ་སོང་རྗེས་བྲང་གི་ནུ་ཁེབ་ཕུབ།། 
ནུ་མའི་ཏོག་མགོ་ལབ་མོ་ལྕེ་ཡིས་བལྡགས།། 
ཨང་ཧང་ཟེར་ནས་ཆགས་པའི་སྐད་ཀྱང་འབྱིན།། 
རང་ལུས་རང་དབང་མེད་པའི་ཚུགས་ཀ་སྟོན།། 

དེ་ཡི་རྗེས་སུ་འདོན་གྱི་མཚན་མ་སྟོན།། 
མཚན་མའི་ནང་དུ་རང་གི་འཛུབ་མོས་དཀྲིགས།། 
སྙིང་རྗེ་ཡོད་ན་ཁོ་མོའི་སྲོག་སྐྱོབས་ཟེར།། 
དེ་དུས་སྒོར་མོ་ཞིག་གི་འབུལ་བ་དགོས།། 

ཕྱི་རྒྱལ་ཡུལ་ནས་ཞི་མོ་མ་བཙལ་ཡང་།། 
ཆགས་པའི་ལྟད་མོ་འདི་དག་མིག་གིས་མཐོང་།། 
མཐོང་བ་དངོས་སུ་བརྗོད་པའི་ངག་ཀྱལ་འདི།། 
དེ་རིང་ཁ་ནས་ཤོར་སོང་ཐོལ་ལོ་བཤགས།། 

འབྱོར་བའི་གྲོང་ཁྱེར་སྙམ་པའི་ཕྱི་གླིང་འདི།། 
དོན་གྱིས་བཤད་ན་འཁྲིག་པའི་གླིང་ཞིག་རེད།། 
འཁྲིག་སྤྱོད་དགའ་བའི་རྒྱལ་བོ་རྒྱལ་མོ་དག ། 
མགྱོགས་སུ་ཕེབས་དང་ཧ་ལས་ཧང་སང་རེད།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།