བོར།
13/07/2013 22:15
བོར།
འབའ་སྲས།
རྟ་མཆོག་འཚེར་བའི་སྐད་ལས་གདུང་བ་གསལ།།
གཡག་རོག་ཁྲོས་པའི་ཧུར་སྒྲ་ཉམ་པ་ཐོས།།
གཡང་དཀར་ཁྱུ་ཡི་འབའ་སྒྲས་སྐྱོ་གླུ་གྱེེར།།
ཕྱུགས་རྫི་བུ་མོ་སྨུག་ཀློང་གང་དུ་འཁོར།།
སྦྲ་ནག་དུ་བ་སྤྲིན་གྱི་ཕག་ཏུ་ཡབ།།
ཕུག་གི་དོ་ཆས་རྡུལ་གྱི་སྒྲིབ་གཡོག་འཛིན།།
ཐབ་མདོ་མེ་ཁ་འཁྱག་པའི་ཆུ་བུར་བརྡོལ།།
ཁྱིམ་གྱི་བདག་མོ་སུ་ཡི་བག་མར་བྲོས།།
སྟོན་འབྲས་སྙེ་མ་ཐོར་བའི་ཞིང་ཁ་སེར།།
སྡོང་རའི་སྙིང་བོ་སྨིན་པ་རྙིད་ཅིང་སྐམ།།
སྒོ་ཆེན་ཕྱེས་པའི་ཕྱགས་དར་རླུང་གིས་བསྐྱོད།།
རོང་ཁྱིམ་བུ་མོ་སུ་ཡི་མནའ་མར་བརྫངས།།
ཕ་ལོས་གནང་བའི་གསེར་གྱི་ཁ་དོག་འགྱུར།།
མ་ལོས་བཏགས་པའི་བྱུ་རུའི་ཕྲེང་ཐག་རྙིང་།།
གཞོན་པའི་གདོང་ནི་བགྲེས་པའི་རི་མོས་ཟིན།།
ད་ཀོ་ཁྱིམ་གྱི་བདག་མོ་སུ་ཞིག་འོས།།
༠༨/༠༧/༡༣
———
Back