མཇེ་སྟུ་གཉིས་ཀྱི་ཁ་རྩོད།

31/03/2012 17:37

 

སྟུ་ཡིས།
ཀ་ཡེ་ཤོག་ཅེས་བདག་གིས་མ་བོས་ཀྱང་།།
ཁ་གཅིག་ཀླད་དམར་རྒྱ་རྡོ་གཉིས་པ་ཅན།།
ག་དུས་ཡིན་ན་ཉལ་ནས་མི་འདུག་པར།།
ང་ཡི་བརླ་ཤའི་སྒོ་ཁར་འཚང་དོན་ཅི།།

མཇེ་ཡིས།
ཅ་ལེ་ཅོ་ལེ་གཉའ་ཁ་ལྷུག་ལྷུག་ལྷུག །
ཆ་རྒྱུས་ཡོད་མེད་གཉིས་ཀ་ཟ་ལ་ཁལ།།
ཇ་ཤིང་འདྲ་ཞིག་མེད་ན་མི་ཚིམས་པ།།
ཉ་ཉོག་མ་བཤད་ང་ལ་སྒོ་ཕྱེས་དང་།།

སྟུ་ཡིས།
ཏ་ཀུ་ཤིང་ལྟར་མཁྲེགས་ན་ཡོང་ན་ཆོག །
ཐ་གུ་ཐག་པ་འདྲ་ཞིག་དགོས་དོན་མེད།།
ད་མེ་དུམ་མེ་རང་ཚུགས་མི་ཐུབ་པ།།
ན་རེ་ནུ་རེ་ཞིག་གིས་ཅི་ཞིག་བྱ།།

མཇེ་ཡིས།
པ་ཏྲ་ལྟ་བུའི་རི་མོ་མཛེས་མདོག་མདོག །
ཕ་ལམ་འདྲ་བའི་རིན་ཐང་ཡོད་མདོག་མདོག །
བ་མོའི་གཉའ་མ་འདྲ་བའི་ཁ་ཆེ་མ།།
མ་རབས་མ་བཤད་རེམ་མ་སྒོ་ཕྱེས་དང་།།

སྟུ་ཡིས།
ཙ་རིའི་སྨྱུག་མ་འདྲ་བའི་ཤིང་སྐམ་ཁྱོད།།
ཚ་ཚ་འུར་འུར་སྐད་ཅོར་མ་བརྒྱགས་རོགས།།
ཛ་དྲག་ཡར་ལངས་མ་བྱེད་ཉ་མགོ་ཅན།།
ཝ་ཡེ་ཁྱོད་ཀྱིས་ང་རང་ཉལ་གི་བཅུག །

མཇེ་ཡིས།
ཞ་ལུ་མེ་ཏོག་གསར་བའི་ཁ་སྒོ་ལ།།
ཟ་འཕྲུག་ལངས་ནས་འདུག་ཐབས་མེད་ན་ཡང་།།
འ་ཅག་ང་རང་དེ་ལ་མི་དགའ་ཞེས།།
ཡ་རབ་ཡིན་མདོག་སྐད་ཆ་མ་བཤད་རོགས།།

སྟུ་ཡིས།
ར་མའི་རྭ་ཅོ་འདྲ་ཞིག་ཁྱོད་ལ་མེད།།
ལ་ཕུག་རྙིད་པ་ལྟ་བུ་ང་མི་དགོས།།
ཤ་ཡི་གསིང་ལ་ལྕགས་ཀྱི་མདུང་ཞིག་དགོས།།
ས་འབུ་ནག་རིང་འདྲ་བས་ཅི་ཞིག་བྱ།།

མཇེ་ཡིས།
ཧ་ཧ་ཁོ་རེ་ཤ་ཡི་མཇེ་གསིང་ན།།
ཨ་ཙ་མ་ཡི་ཁབ་ཞིག་ཡོད་པ་ནི།།
ཧ་ལམ་ཁྱོད་ཀྱིས་ཤེས་ནི་མེད་པ་འདྲ།།
ཨ་ཚ་ག་ལེར་རྒྱོབས་ཞེས་མང་པོ་ཐུག །

སྟུ་ཡིས།
ངོ་མ་ཁྱོད་ནི་དེ་འདྲ་ཨེ་ཡིན་ནམ།།
ཡིན་ན་སྐུ་མཁྱེན་རེ་མ་རེ་མ་ཤོག །
ཁ་ཚང་དེ་རིང་རྒད་པོ་ཡུལ་ན་མེད།།
བར་སྐབས་འདི་ནས་ངེད་གཉིས་རྒྱོ་ཞིག་བརྒྱག །

མཇེ་ཡིས།
བཀྲ་ཤིས་ཁ་བྲོ་གཉའ་མ་ཁ་ལུག་མ།།
གཉའ་ཁ་གཙང་མ་བཟོས་ནས་སྒུག་ལ་སྡོད།།
མཇེ་རྒན་རྭ་ཅོ་འདྲ་བོ་ཡོང་གི་ཡོང་།།
ཀི་ཀི་སྭོ་སྭོ་མཇེ་སྟུ་ལྷ་རྒྱལ་ལོ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།