འདོད་གཏམ་ལག་ལེན་གྱི་སློབ་ཁྲིད།

01/07/2011 22:09

      ༼རྒྱ་གར་གྱི་གྲོགས་པོ་ཞིག་ལ།༽

 སྙན་ངག་མེ་ལོང་ཁྲིད་པའི་ལངས་ཤོར་གྱིས།།
བདག་གི་སྐྱག་ཁ་སྐྱག་ལངས་ཤོར་བ་ཡིས།།
ད་ནི་ཁ་འདི་སུ་ལ་མི་འཛེམས་པར།།
འདོད་པའི་གཏམ་ཞིག་སྨྲ་ལ་ངོ་མི་གནོང་།།

ལུས་རྒྱན་སྐྱོན་སེལ་ཐེངས་མང་ཁྲིད་པ་ཡིས།།
གྲོགས་ཁྱོད་བདག་ལ་ཧ་ཅང་སུན་གྱུར་ཡོད།།
དེ་རིང་གྲོགས་ཀྱིས་རྣ་བའི་སྒོ་གཏོད་དང་།།
འདོད་གཏམ་ལག་ལེན་སློབ་ཁྲིད་གསར་བ་བྱེད།།

སློབ་ཁྲིད་འདི་ནི་མཐོ་བ་རྒྱལ་བོ་དང་།།
དམའ་བ་སྤྲང་བོ་ཨ་ཕ་ཨ་མ་དང་།།
ཕུ་བོ་ནུ་བོ་ཨ་ཅེ་སྲིང་མོའི་བར།།
ཤིན་ཏུ་མཁོ་བའི་སློབ་ཚན་ཉག་གཅིག་ཡིན།།

སློབ་ཚན་འདི་ལ་མ་སྦྱངས་བཟའ་ཚང་འགའ།།
ཉིན་མོ་ཟས་ཀྱི་ཁ་ནས་འགྲིག་ན་ཡང་།།
མཚན་མོ་ཉལ་ཆས་འོག་ནས་མ་འཆམས་པར།།
ཁ་འཛིང་ལག་འཛིང་བྱས་པའི་གཏམ་རྒྱུད་མང་།།

  གྲོགས་ཁྱོད་ད་ནི་གཉེན་སྒྲིག་བྱེད་ལ་རན།།
དགའ་བོ་ཞིག་ཀྱང་འགྲམ་ན་ཡོད་པ་ཐོས།།
དེ་བས་དེ་རིང་དམིགས་བསལ་སློབ་ཚན་འདི།།
ཆེད་དུ་སློབ་ཐུན་འདི་ལ་གོ་སྒྲིག་བྱས།།

འདོམ་འཇུག་བྱེད་སྟངས་རང་གི་ལུགས་ལ་སྦྱོར།།
བདེ་བ་འཐོབ་ཚུལ་དེ་ཡང་རང་གི་ལུགས།།
རང་གིས་བྱས་མྱོང་མ་གསང་དྲང་བའི་གཏམ།།
དེ་རིང་གྲོགས་པོ་ཁྱོད་ལ་བཤད་ཀྱི་ཉོན།།

ཁྱོད་ཀྱི་དགའ་མའི་ལུས་ཀྱི་དབྱིབས་གཟིགས་དང་།།
སེམས་ཀྱི་འདོད་པའི་ཚོར་ཤུགས་ཅི་འདྲ་བ།།
བྷ་གའི་སྒོ་མོ་ཆེ་ཆུང་མི་ཤེས་བས།།
རང་གི་དགའ་མ་དག་དང་སྦྱོར་ནས་བཤད།།

མྱོས་བུམ་ཟླུམ་པོ་ལག་པས་མ་རེག་གོང་།།
ལང་གའི་མགོ་བོ་བྷ་གར་མ་བཅུག་སྔོན།།
བུད་མེད་རིགས་ལ་དགོས་པའི་སྔོན་འགྲོ་སྟེ།།
ཆགས་ཚིག་སྨྲ་བའི་གཏམ་གྱིས་དགའ་བར་བྱེད།།

འཕྲད་མ་ཐག་ཏུ་ལམ་སང་སྐེ་ལ་འཐེམ།།
འཐེམ་མ་ཐག་ཏུ་དབང་བོ་འདོམ་ལ་སྦྱར།།
སྦྱར་མ་ཐག་ཏུ་ཁུ་བ་བཞུར་བར་བྱེད།།
བྱེད་སྟངས་འདི་རིགས་བུད་མེད་དགའ་བ་མིན།།

སྙན་མོ་ཚིག་གིས་རྣ་ལ་སྙན་པར་སྨྲ།།
འཇམ་མཉེན་ལག་པས་རྐུབ་དང་སྐེད་པ་ཕུར།།
ནུ་མའི་ཏོག་རྩེ་རང་གི་སྙིང་ཁར་སྦྱོར།།
འཁྱུད་དང་འོ་བྱས་བྱ་བ་དང་བོར་ལེན།།

སྔོན་འགྲོ་འདི་ཡིས་ལུས་ཀྱི་ཤ་དྲོད་དང་།།
སེམས་ཀྱི་ཆགས་པ་མ་ལུས་བསླངས་བྱས་ནས།།
དཀར་བའི་ངོ་མདངས་དམར་པའི་མདོག་ལ་བརྗེས།།
འབྱིན་པའི་སྐད་ཀྱང་མི་འདྲ་སྣ་ཚོགས་འགྱུར།།

མཚམས་རེར་ཉན་ན་སྦྲང་མ་གྲགས་པ་འམ།།
སྐབས་རེར་ཉམ་ཆུང་ལུ་གུ་འབའ་བ་བཞིན།།
ལན་རེར་ཐང་ཆད་དབུགས་རིང་འབྱིན་པ་ལྟར།།
ཆགས་པའི་དབྱངས་རྟ་དྲུག་ལྡན་ཐོས་པར་འགྱུར།།

སྐབས་འདིར་སླེབས་ཚེ་ད་བཟོད་བུད་མེད་ཀྱི།།
ངོ་ཚའི་རང་ཚུགས་ཤོར་ནས་ལག་པ་ཡིས།།
ཕོ་ཡི་ལང་གའི་རྩ་བ་ལ་འཇུས་ནས།།
བརླ་ཁ་ཕྱེས་པའི་བྷ་གའི་ཁ་རུ་འདྲེན།།

ལོ་ཏོག་སྙེ་མ་སྨིན་པའི་སྟོན་ཐོག་དང་།།
ཐབ་ཀྱི་འོ་ཇ་འཁོལ་བའི་ཚ་ཐོག་ཏུ།།
སྦྲུལ་ནག་ཚང་ལ་འཛུལ་བའི་ངང་ཚུལ་བཞིན།།
ལང་གའི་རྩ་བ་བར་ཏུ་ནང་འཇུག་བྱེད།།

མྱུར་དང་ཤུགས་ཀྱིས་རྩ་བ་བར་དུ་བརྡབ།།
དལ་དང་ལྷོད་ཀྱིས་རྩེ་མོ་བར་དུ་འཐེན།།
ལང་གའི་ཏོག་གིས་བྷ་གའི་ཁ་ཤ་བརྡར།།
སླར་ཡང་ནང་འཇུག་བྱས་ནས་སྔར་བཞིན་སྤྱོད།།

ཆུ་ཡི་ཉ་མོ་ས་ཁར་བཏོན་པ་དང་།།
ནགས་ཀྱི་བྱི་ཆུང་ཆུ་ནང་ལྷུང་བ་བཞིན།།
རང་ཚུགས་ཤོར་ནས་རང་དབང་མེད་པ་ཡིས།།
ཨ་ཕ་ཨ་མ་འབོད་པའི་སྐད་ཀྱང་ཐོས།།

སྤྱོད་སྟངས་འདི་ནི་བུད་མེད་ཕལ་ཆེ་ལུགས།།
ལུགས་འདི་སྤོངས་མཁན་ཧ་ལམ་མེད་ཅེས་གྲགས།།
གྲགས་པའི་གཏམ་ལ་ཡིད་ཆེས་དཀའ་ན་ཡང་།།
ཡང་ཡང་སྤྱད་པའི་ཉམས་མྱོང་བསགས་ནས་བཤད།།

སྨན་ཤར་བུ་མོའི་ལུས་ཀྱི་དབྱིབས་གཟུགས་དང་།།
བྷ་ག་གཏིང་ཟབ་སྒོ་མོ་ཆེ་ཆུང་སོགས།།
གང་ལ་གང་བལྟས་དེ་ལ་དེ་འཚམས་ཀྱིས།།
སྤྱོད་སྟངས་སྣ་ཚོགས་བརྗེས་ནས་སྤྱོད་པའང་མཆོག །

བུ་མོ་འགའ་ཤས་སྐྲ་ཡིས་འཐེན་པ་དང་།།              
འགྲམ་ལྕག་སྟེར་བཞིན་སྐེ་ལ་སོ་འདེབས་པ།།
དྲག་ཅིང་རྩུབ་པའི་སྤྱོད་ན་སྐྱིད་དོ་ཅེས།།
བདག་གིས་སྤྱད་མྱོང་དགའ་རོགས་ཤིག་གིས་བཤད།།

བུ་མོ་འགའ་ཤས་དེ་ལས་ལྡོག་པ་སྟེ།།
ལྷོད་ལྷོད་དལ་དལ་ངལ་ཐང་ཆད་པ་བཞིན།།
ཉམ་ཆུང་གཤིས་ཀྱིས་ག་ལེར་རྩ་བར་སྦྱར།།
ཤིན་ཏུ་སྐྱིད་ཅེས་བོད་མོ་ཞིག་གིས་བཤད།།

འགའ་ཤས་དང་ཐོག་ག་ལེར་ལྷོད་ཀྱིས་དང་།།
དེ་ནས་རིམ་བཞིན་མགྱོགས་ཅིང་དྲག་པོས་སྤྱོད།།
འཇམ་རྩུབ་མཉམ་བསྲེས་བདེ་བ་མཆོག་སྟེར་ཞེས།།
མཚན་གཅིག་ཉལ་རོགས་རྒྱ་མོ་ཞིག་གིས་བཤད།།

སྐྲ་ཡི་སྣེ་མོ་འཇུས་ནས་ཤུགས་ཀྱིས་འཐེན།།
ཨོང་ཤ་ཕང་ཁར་སྦྱར་ཏེ་རྒྱབ་ནས་སྤྱོད།།
རྟ་མཆོག་རྒོད་པོར་ཞོན་ནས་རྒྱུག་པ་བཞིན།།
སྤྱད་ན་སྐྱིད་ཅེས་སེ་མོ་ན་ཡིས་བཤད།།

ཁ་ཤས་དང་ཐོག་ཁྱི་དང་ཁྱི་མོ་བཞིན།།
ཧ་ཅང་ཤུགས་ཆེ་མྱུར་བའི་ཚུལ་གྱིས་སྤྱོད།།
རྗེས་སུ་གཡང་དཀར་ལུག་གི་འཛག་སྟངས་བཞིན།།
ལྷོད་ཅིང་འཇམ་པའི་ངང་གིས་རྒྱུན་རིང་བྱ།།

དེ་ཡང་བུ་མོ་ལུས་ཀྱི་སྟོད་ཆེ་ན།།
དང་པོ་ནས་བཟུང་ཁུ་བ་བཞུར་བའི་བར།།
དོམ་ནག་སྨྱོན་པས་སྤྱང་ཤ་ཟ་བ་བཞིན།།
གང་འདོད་ཅི་འདོད་བྱས་ནས་སྤྱོད་པ་མཆོག །

ལྕང་སྡོང་ཡལ་ཀ་སྟེང་གི་འཇོལ་མོ་དང་།།
མེ་ཏོག་འདབ་མ་ངོས་ཀྱི་སྦྲང་མ་སོགས།།
བྱ་བྱི་འབའ་འབུ་རིགས་ཀྱི་འཛག་སྟངས་ལྟར།།
བྱས་ན་དེ་ཡང་སྐབས་རེར་ཚིམས་པ་སྟེར།།

ལན་རེ་མི་ཡི་སྤྱོད་པའི་ཚུལ་དོར་ནས།།
ལྷ་དང་ལྷ་མོའི་སྤྱོད་ཚུལ་ཡིན་ཁུལ་གྱིས།།
སྙན་མོ་དབྱངས་དང་སྦྱར་ནས་འཁྲིག་པ་ན།།
བདེ་བ་ཁྱད་པར་ཅན་ཞིག་ངང་གིས་འཐོབ།།

རང་གི་ལུས་པོ་ངལ་ཐང་ཆད་པའི་དུས།།
ཟུར་གྱིས་ཉལ་ནས་རྒྱབ་ནས་བསྟེན་ན་བདེ།།
འཛག་སྟངས་འདི་ཡིས་ཕན་ཚུན་གཉིས་ཆ་ལ།།
རྟ་མཇེ་ཁོག་འཛུལ་ལྟ་བུའི་སྣང་བ་སྟེར།།

སྤྱིར་ན་བུ་མོ་ལོ་ཆེ་ཕལ་ཆེ་བ།།
རྒྱ་མཚོ་ཁ་ཡི་ཆུ་གླང་ཉོལ་དོ་བཞིན།།
འཛག་ན་སེམས་ཀྱི་འདོད་པ་ཚིམས་དཀའ་བས།།
རྒྱ་སྟག་དར་མ་ནགས་ནས་མཆོངས་མཆོངས་བྱེད།།

དེ་དང་དེ་འདྲའི་བུ་མོ་མི་འདྲ་བ།།
སྤྱོད་སྟངས་དེ་ཡང་རྣམ་པ་སྣ་ཚོགས་ཀྱིས།།
འདོམ་འཇུག་དེ་ནི་ཕོ་མོའི་འདོད་འཇུག་ལས།།
སྣ་གཅིག་སྤྱོད་པ་ལང་ག་ལག་བསྡམས་འདྲ།།

འདི་ལྟར་འདོད་གཏམ་ལག་ལེན་ཁྲིད་པའི་མཇུག །
བུ་མོའི་ལུས་ཀྱི་ཕྲ་རག་མི་འདྲ་བར།།
ཇི་ལྟར་སྤྱད་ན་བདེ་བའི་མཆོག་སྟེར་བ།།
ལས་བྱ་བྲིས་ནས་བདག་ལ་ལན་ཞིག་བསྐུར།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།