སེམས་ཀྱི་ཚིག་གསུམ།

17/08/2014 18:51



      སེམས་ཀྱི་ཚིག་གསུམ།


འབའ་སྲས།


བརྩེ་བ་མཚོ་ལ་བཏབ་ན།།

མཚོ་མོའི་ཞབས་སུ་འབྱིང་འགྲོ །

དུང་གཏམ་རི་ལ་བརྗོད་ན།།

ལྷགས་རླུང་དྲགས་པོས་འཁུར་འགྲོ །


བརྩེ་སེམས་རྒྱ་མཚོར་འདྲ་བ།།

སྙིང་གཏམ་རླབས་ལ་མི་བསྲིངས།།

དམ་བཅའ་རི་དང་མཚུངས་པ།།

དུང་གཏམ་རླུང་ལ་མི་བསྐུར།།


དེ་ལྟའི་བདག་མོ་ཞིག་ལ།།

ནམ་མཁའི་སྐར་མ་ཡིན་ཡང་།།

བརྩེ་བའི་སྐུད་པར་བརྒྱུས་ཏེ།།

མི་ཚེའི་གཏའ་མར་འཇོག་འདོད།།


༡༤/༠༨/༡༧ ཉིན་གུང་།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།