སྙན་ངག
22/07/2014 18:00 སྙན་ངག
འབའ་སྲས།
མཐའ་མེད་ནམ་མཁར་གཡོ་བའི་སྤྲིན་ཕུང་
གིས།།
ས་ཡི་ཁ་རླངས་བཅུད་དུ་སྦྲུམ་པ་རྣམས།།
སྐད་ཅིག་གློག་ཞགས་འཁྱུག་པའི་འོད་རྩལ་
གྱིས།།
རང་བྱུང་ས་ལ་ཕབ་པའི་སྦྲང་ཆར་འདྲ།།
བྱང་ཐང་ས་ལ་ཆུ་ཡིས་བཀྲེན་གྱུར་ཀྱང་།།
བྱེ་མའི་རྡུལ་ཟེགས་འོད་དང་བསྡོངས་པ་ཡི།།
འོད་ཀྱི་རྟེན་ཙམ་ཆེམ་ལ་འཁྲུལ་བྱེད་པའི།།
རི་དྭགས་འཆིར་འཇུག་གྱ་གྱུའི་རི་མོ་འདྲ།།
མི་མངོན་སྙིང་ལ་ཉལ་བའི་ཆགས་པའི་རོ།།
མེ་རི་བཞིན་དུ་ཁོང་ནས་འཕྱུར་བྱེད་ཅིང་།།
ལུས་སྐྱེས་བ་སྤུ་གྱེན་དུ་གཟེངས་བྱེད་པའི།།
ན་ཆུང་མཛེས་མས་འཕངས་པའི་ཟུར་མིག་འདྲ།
བརྗོད་དོན་སྙིང་བོ་ཚིག་གིས་མི་གསལ་ཡང་།།
དགའ་བདེའི་ཚོར་བ་གདངས་སུ་གྱེར་བ་ཡི།།
འཁྲིག་པའི་དུས་ན་ཤིན་ཏུ་སྙན་འགྱུར་བ།།
དབང་མེད་ངག་ནས་འབྱིན་པའི་ཆགས་སྐད་
འདྲ།
༠༤/༡༢/༡༣
Sent from my iPhone
———
Back