སྙན་ངག་གི་གཏིང་དེ་མཐོང་ན་ང་ལ་ཤོད།

16/07/2012 18:03

  སྙན་ངག་གི་གཏིང་དེ་མཐོང་ན་ང་ལ་ཤོད།


སྤྲིན་གྱི་ཕོ་ཉ་བཀླགས་ནས་སྙན་ངག་གཏིང་དེ་བཙལ།།
རཱ་མའི་རྟོགས་བརྗོད་བལྟས་ནས་སྙན་ངག་གཏིང་དེ་བཙལ།།
ཕོ་ཉ་གཞོན་ནུ་སྦྱངས་ནས་སྙན་ངག་གཏིང་དེ་བཙལ།།
རྒྱ་བོད་སྙན་ངག་གཉིས་ལས་སྙན་ངག་གཏིང་དེ་བཙལ།།

དབྱངས་ཅན་དགྱེས་གླུ་སྦྱངས་ནས་སྙན་ངག་གཏིང་དེ་བཙལ།།
བོད་མཁས་སྙན་ངག་བསླབས་ནས་སྙན་ངག་གཏིང་དེ་བཙལ།།
འབྲུག་སྤྲུལ་སྙན་ངག་ཁྲིད་ནས་སྙན་ངག་གཏིང་དེ་བཙལ།།
སྙན་ངག་གཞུང་ལུགས་ཀུན་ལས་སྙན་ངག་གཏིང་དེ་བཙལ།།

བོ་དོང་གླེགས་བམ་བརྩིས་ནས་སྙན་ངག་གཏིང་དེ་བཙལ།།
དགེ་ཆོས་རྣམ་དཔྱོད་ཀློང་ནས་སྙན་ངག་གཏིང་དེ་བཙལ།།
རང་གྲོལ་རིག་པའི་བར་ནས་སྙན་ངག་གཏིང་དེ་བཙལ།།
སྔོན་བྱོན་མཁས་པའི་མགྲིན་ལས་སྙན་ངག་གཏིང་དེ་བཙལ།།

ལྗང་བུའི་གཟི་མིག་དགུ་ལས་སྙན་ངག་གཏིང་དེ་བཙལ།།
ཧོར་འཇིགས་དེབ་ཕྲེང་ཉོས་ནས་སྙན་ངག་གཏིང་དེ་བཙལ།།
སེང་རྡོར་སྙུ་གུའི་རྩེ་ནས་སྙན་ངག་གཏིང་དེ་བཙལ།།
ཉེ་རབས་སྙན་ངག་པ་ལས་སྙན་ངག་གཏིང་དེ་བཙལ།།

ཀླུ་སྨྱོན་སྨྱོན་པའི་ཞལ་ནས་སྙན་ངག་གཏིང་དེ་བཙལ།།
ཨ་འཇམ་གུ་ཡངས་ངག་ལས་སྙན་ངག་གཏིང་དེ་བཙལ།།
ཨ་འདུས་མིག་ཆུ་ཀློང་ནས་སྙན་ངག་གཏིང་དེ་བཙལ།།
མིག་སྔར་སྙན་ངག་པ་ལས་སྙན་ངག་གཏིང་དེ་བཙལ།།

ཆབ་བྲག་ལྷ་མོའི་ཁ་ནས་སྙན་ངག་གཏིང་དེ་བཙལ།།
སྙན་བཟང་གཡུང་དྲུང་མགྲིན་ལས་སྙན་ངག་གཏིང་དེ་བཙལ།།
བསྟན་འཛིན་དུག་གི་ལྕེ་ནས་སྙན་ངག་གཏིང་དེ་བཙལ།།
ཉེ་འགྲམ་སྙན་ངག་པ་ལས་སྙན་ངག་གཏིང་དེ་བཙལ།།

ཟ་ལེ་ལ་གཞས་ཁ་ནས་སྙན་ངག་གཏིང་དེ་བཙལ།།
ཤར་ཕྱོགས་ཁུག་རྟ་ཁ་ལས་སྙན་ངག་གཏིང་དེ་བཙལ།།
བོན་རྒྱ་རྩོད་པ་ཁ་ལས་སྙན་ངག་གཏིང་དེ་བཙལ།།
དུས་བབ་ཟིན་བྲིས་པ་ལས་སྙན་ངག་གཏིང་དེ་བཙལ།།

ཚངས་སྲས་མག་པའི་ཁ་ལས་སྙན་ངག་གཏིང་དེ་བཙལ།།
ཨ་རིག་གསར་འགོད་ཁ་ལས་སྙན་ངག་གཏིང་དེ་བཙལ།།
གནམ་བུ་ཀ་རྩོམ་ཁ་ལས་སྙན་ངག་གཏིང་དེ་བཙལ།།
ཆང་སའི་རྩོམ་འབྲི་བ་ལས་སྙན་ངག་གཏིང་དེ་བཙལ།།

གནམ་གྱི་སྤྲིན་པར་ཅེར་ནས་སྙན་ངག་གཏིང་དེ་བཙལ།།
ས་ཡི་མེ་ཏོག་བལྟས་ནས་སྙན་ངག་གཏིང་དེ་བཙལ།།
ཆུ་བོའི་བཞུར་སྒྲར་ཉན་ནས་སྙན་ངག་གཏིང་དེ་བཙལ།།
གོ་ལ་རང་བྱུང་ཁམས་ནས་སྙན་ངག་གཏིང་དེ་བཙལ།།

གྲོང་ཁྱེར་གྲོང་གསེབ་འགྲིམས་ནས་སྙན་ངག་གཏིང་དེ་བཙལ།།
རི་དང་བྱེ་ཐང་བརྒྱུད་ནས་སྙན་ངག་གཏིང་དེ་བཙལ།།
བཙན་བྱོལ་ཡང་བྱོལ་ཞུས་ནས་སྙན་ངག་གཏིང་དེ་བཙལ།།
དགའ་སྡུག་སྐྱོ་གསུམ་མྱངས་ནས་སྙན་ངག་གཏིང་དེ་བཙལ།།

སྐྲ་སེར་མཛེས་མ་བཀུགས་ནས་སྙན་ངག་གཏིང་དེ་བཙལ།།
རྒྱ་ནག་རྒྱ་མོ་ཉོས་ནས་སྙན་ངག་གཏིང་དེ་བཙལ།།
བོད་པའི་བུ་མོར་འགྲོགས་ནས་སྙན་ངག་གཏིང་དེ་བཙལ།།
འདོད་པ་ལག་ལེན་བྱས་ནས་སྙན་ངག་གཏིང་དེ་བཙལ།།

སེམས་པ་སྐྱོ་བའི་དུས་སུ་སྙན་ངག་གཏིང་དེ་བཙལ།།
སྙིང་ཁམས་བདེ་བའི་སྐབས་སུ་སྙན་ངག་གཏིང་དེ་བཙལ།།
གྲོགས་དང་གྲོགས་མོ་མཉམ་དུ་སྙན་ངག་གཏིང་དེ་བཙལ།།
རང་ཉིད་གཅིག་བུའི་སྐབས་སུ་སྙན་ངག་གཏིང་དེ་བཙལ །

ཆང་དང་ཐ་མག་མཉམ་དུ་སྙན་ངག་གཏིང་དེ་བཙལ།།
ཕྲག་དོག་ཞེ་འཁོན་བར་ནས་སྙན་ངག་གཏིང་དེ་བཙལ།།
ཉེ་རིང་ཆགས་སྡང་བར་ནས་སྙན་ངག་གཏིང་དེ་བཙལ།
མ་རུང་སྡིག་གསོག་བྱས་ནས་སྙན་ངག་གཏིང་དེ་བཙལ།།

ལྷ་ལ་གསོལ་བ་འདེབས་བཞིན་སྙན་ངག་གཏིང་དེ་བཙལ།།
བླ་མར་དད་པ་བྱེད་བཞིན་སྙན་ངག་གཏིང་དེ་བཙལ།།
ཕ་མར་བརྩི་བཀུར་བྱེད་བཞིན་སྙན་ངག་གཏིང་དེ་བཙལ།།
ཡ་རབས་ཀུན་སྤྱོད་བཟང་བོས་སྙན་ངག་གཏིང་དེ་བཙལ།།

རང་གིས་རང་ལ་བལྟས་ནས་སྙན་ངག་གཏིང་དེ་བཙལ།།
ཆུང་མ་སྙིང་ཁར་རུམ་ནས་སྙན་ངག་གཏིང་དེ་བཙལ།།
བུ་ཕྲུག་ལག་པས་འཇུས་ནས་སྙན་ངག་གཏིང་དེ་བཙལ།།
ནང་མི་བཟའ་ཚང་བར་ནས་སྙན་ངག་གཏིང་དེ་བཙལ།།

གང་དུ་བཙལ་ཡང་བདག་གིས་ད་དུང་མ་བརྙེད་པ།།
ཇི་ལྟར་བཙལ་ཡང་བདག་གིས་ད་དུང་མ་མཐོང་བ།།
ཅིའི་ཕྱིར་བཙལ་ཡང་བདག་གིས་ད་དུང་ཤེས་པ།།
སྙན་ངག་གཏིང་དེ་སུ་ཡིས་མཐོང་ན་ང་ལ་ཤོད།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།