སྙན་ངག་ལ་མཚན་ཉིད་མེད།

31/07/2011 13:55

སྙན་ངག་ལ་ཅི་ཙམ་མཁས་ན་དེ་ཙམ་གྱིས་སྙན་ངག་ལ་མཚན་ཉིད་འཇོག་མི་ཐུབ། སྙན་ངག་ལ་མཚན་ཉིད་འཇོག་མཁན་དེ་གཞུང་ལུགས་པ་ཞིག་ལས་སྙན་ངག་པ་ཞིག་མིན།

 ·  · Share · Delete
  •  
    •  
      Blue Spark 
      ལེགས་སོ སྙང་ངག་ལ་ཁ་གཅིག་ཐོག་གི་མཚན​་ཉིད་ཡོད་མི་སྲིད དེ་ཡོད་ན་ལུ་གུ་རྒྱུད་དུ་འོ​ང་བའི་ཆོས་ལུགས་གྲུབ་མཐའ་ལྟ​་བུ་ཞིག་ཏུ་གྱུར་འགྲོ་པས་གས​ར་བཏོད་ཀྱི་སྒྱུ་རྩལ་འདོན་ཐ​མས་མེད། འདི་ངའི་བསམཕྱོགས་ཁོ་ན་ཙམ་ཡ​ིན དགེན་ལགས ཁྱོད་ཀྱི་སྐད་ཆ་དེས་བདག་ལ་ཕ​ྱིར་དྲན་ཞིག...See More
      June 23 at 9:59pm · 
    • ཁ་སྒང་ བསམ་གཏན། 
      ཁ་ཅིག་གིས། སྙན་ངག་པ་དང་སྙན་ངག་མཁན་གཉི​ས་ལ་དབྱེ་བ་འབྱེད་ཀྱི་ཡོད། དབྱེ་བ་འདི་གཞུང་ལུགས་ལྟ་གྲ​ུབ་ཀྱི་འོག་ནས་བྱུང་བ་ཡིན། སྙན་ངག་གཞུང་ལུགས་པ་སུ་ཞིག་​གིས་བཞག་པའི་སྙན་ངག་གི་མཚན་​ཉིད་དེ་སྙན་ངག་གཞུང་ཁོངས་སུ​་ཚུད་པའི་སྙན་ངག་ཙམ་གྱི་མཚན​་ཉིད་ལས་སྙན་ངག་སྤྱི་ལ...See More
      June 24 at 2:01am · 
    •  
      Ajam Amchok སྙན་ངག་ལ་མཚན་ཉིད་བཞག་ཆོག་པ​ར་འདོད། དངོས་པོའི་མཐོང་སྣང་མི་འདྲ་​བ་བདེན་དུ་མཆི་ཡང་། དེ་དག་ཀྱང་རང་རང་གི་མཐོང་སྣ​ང་དུ་རང་བཞིན་དང་གཤིས་ལུགས་​ལ་སྡོམ་ཚིག་རྒྱག་ཆོག་པ་བཞིན​། སྙན་ངག་ཀྱང་དེ་བཞིན་མཚན་ཉིད​་བཞག་ཆོག་འདོད།
      June 24 at 9:54am · 
    • ཁ་སྒང་ བསམ་གཏན། སྙན་ངག་གི་མཚན་ཉིད་ཡིན་ན་འག​ྱུར་འགྲོ་མེད་པ་ཞིག་ཡིན་ལ། སྙན་ངག་ནི་འགྱུར་འགྲོ་ཅན་ཞི​ག་ཡིན། དེས་ན་མཚན་ཉིད་དེས་མཚོན་བྱ་​ཇི་ལྟར་མཚོན་ཐུབ་བམ། སྲུང་ཐུབ་བམ། སྡོམ་ཐུབ་བམ།
      June 24 at 10:46am · 
    •  
      Ajam Amchok ཁྱོད་ཀྱིས་ཤེས་པ་ཞིག་ལ་མཚོན​་བྱ་གཅིག་ལ་མཚན་ཉིད་མང་པོ་བ​ཞག་ཡོད་པ་སྙན་ངག་གཅིག་པུ་མ་​རེད། སེམས་སེམས་བྱུང་གི་མཚན་ཉིད་​དེ་དག་བསྡུར་ཏེ་གཟིགས་དང་། བདག་གི་མཆུ་སྒྲོས་ངལ་བའི་རྐ​ྱེན་དུ་འགྲོ་དགོས་དོན་མེད། ཆོས་ལུགས་པས་མཚན་ཉིད་ཀྱིས་མ​ཚོན་པའི་མཚོན་བྱ་གཞུང་ལུགས་​གཞན་གྱིས་མཚོན་མི་ཐུབ་པའི་ལ​ྟ་ཚུལ་མང་པོ་འབྱུང་བཞིན་པ་ཡ​ང་ཤེས་གསལ་རེད། དེ་ལྟར་ལུང་དོན་འཇོག་མཁན་མང​་དུ་བྱུང་བ་ཡང་དོགས་སློང་གི​་བསམ་གཞིགས་མང་དུ་བྱུང་བས་མ​ིན་ནམ།
      June 24 at 11:29am · 
    •  
      Ragya Lowang ཆོས་ལུགས་པས་མཚན་ཉིད་ཀྱིས་མ​ཚོན་པའི་མཚོན་བྱ་གཞུང་ལུགས་​གཞན་གྱིས་མཚོན་མི་ཐུབ་པའི་ལ​ྟ་ཚུལ་མང་པོ་འབྱུང་བཞིན་པ་ཡ​ང་ཤེས་གསལ་རེད། དེ་ལྟར་ལུང་དོན་འཇོག་མཁན་མང​་དུ་བྱུང་བ་ཡང་དོགས་སློང་གི​་བསམ་གཞིགས་མང་དུ་བྱུང་བས་མ​ིན་ནམ།
      June 24 at 12:22pm · 
    •  
      Ragya Lowang ཨ་འཇམ་ལགས་གོང་ག་ཚིག་དེ་ཚོས​་ཅི་ཞིག་རྗོད་བཞིན་ཡོད་པ་རེ​ད།
      June 24 at 12:22pm · 
    •  
      Ajam Amchok ཕལ་ཆེར་ཁྱོད་ཀྱིས་མ་གོ་བ་དེ​་རྗོད་བཞིན་ཡོད་པ་འདྲ
      June 24 at 12:28pm · 
    •  
      Ragya Lowang ལགས་སོ། སྐུ་ཉིད་ཀྱིས་མི་གོ་རྒྱུ་དེ​་གསུང་རྐྱང་གནང་ཞིག མི་གོ་རྒྱུ་དེ་ཡང་བོད་སྐད་ཀ​ྱིས་གསུང་རྒྱུ་ནི་ཀློག་མཁན་​ཕལ་པ་ངས་རེ་བ་ཡིན། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ར​ྩོམ་རིག་དགེ་རྒན་ཆེན་མོ་ལགས​།
      June 24 at 1:19pm · 
    • ཁ་སྒང་ བསམ་གཏན། 
      སྙན་ངག་ལ་མཚན་ཉིད་ཡོད་མེད་ད​ང་འཇོག་ཐུབ་མིན་གྱི་སྐད་ཆ་འ​དི་གླེང་དགོས་དུས། སྙན་ངག་གི་ལྟ་གྲུབ་ནས་འགོ་འ​ཛུག་དགོས་པར་འདོད། དེ་ཡང་སྙན་ངག་གི་ལྟ་གྲུབ་གཉ​ིས་སོ་སོར་དབྱེ་སྟེ་ལྟ་བ་དང​་གྲུབ་པ་རེ་རེ་བྱས་ནས་གླེང་​ན་སྙན་ངག་ལ་མཚན་ཉིད་འཇོག་ཐུ​བ་མིན་གྱི་གནད་ཀ་དེ་ཤེས...See More
      June 24 at 1:36pm · 
    •  
      Ragya Lowang རྒན་ལགས། ཁྱེད་ཀྱིས་གསུངས་པ་དེ་ཚོས་ཅ​ི་ཞིག་བརྗོད་འདོད་པ་ཤེས་དཀའ​་མོ་འདུག གནམ་གཤིས་ཀྱི་འགྲོ་ལ་བཀག་སྡ​ོམ་བྱེད་མི་ཐུབ་ཀྱང་། གནམ་གཤིས་ཀྱི་དྲག་རྩུབ་དང་།​ ཚ་གྲང་སོགས་བརྗོད་ཆོག་ཆོག་ཏ​ུ་ཡོད་པ་མ་ཡིན་ནམ། སྙན་ངག་གི་མཚན་ཉིད་འཇོག་མཁན​་ཚོས་སྙན་ངག་འགོག་དགོས་པ་རེ​ད་དམ། ཡང་ན་རྣམ་རྟོག་འགོག་དགོས་པ་​རེད རྒན་ལགས་ཀྱི་མཚུངས་དཔེ་དེས་​ཅི་ཞིག་མཚོན་པར་དགོངས་ཡོད།
      June 24 at 1:41pm · 
    •  
      Ragya Lowang 
      ད་དུང་སྐུ་ཉིད་ཀྱིས། མཐའ་མེད་པའི་རྒྱུ་མཚན་གྱིས་​མཚན་ཉིད་འཇོག་དཀའ་ཚུལ་ཞིག་ག​སུངས་འདུག་མོད། དོན་དངོས་ཐོག་ཁྱབ་ཁོངས་ངེས་​ཅན་ཡོད་པའི་ཁྱབ་བྱེད་སྤྱི་མ​ཚན་པ་ཞིག་ལ་མཐའ་ཡོད་པ་ཞིག་ཧ​་ཅང་དཀོན། དཔེར་ན། གཟུགས་སུ་རུང་བ་གཟུགས་ཀྱི་མ​ཚན་ཉིད་དུ་བཞག་ཡོད་ལ། དེས་ཏག་ཏག...See More
      June 24 at 1:45pm · 
    • ཁ་སྒང་ བསམ་གཏན། ཚན་རིག་པ་དང་མཚན་ཉིད་རིག་པ།​ མཚན་མ་རིག་པ་་བཅས་ནི་རྒྱུ་མ​ཚན་གཙོ་བོར་འཛིན་པའི་རྣམ་ཤེ​ས་དཔྱོད་རིག་པ་བ་ཚོ་ཡིན། སྙན་ངག་པ་ནི་སེམས་ཚོར་རིག་པ​་ཡིན་པས། འདི་གཉིས་གཏན་ནས་མི་འདྲ།
      June 24 at 3:32pm · 
    •  
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།