སྟུ་ཆུང་ལག་མཐིལ་ནས་ཤོར་སོང་།
31/03/2012 17:38
ཆུང་མ་དང་མཉམ་དུ་ཡོད་དུས།།
ཁ་པར་གྱིས་བརྡ་ཞིག་བཏང་བྱུང་།།
ཁ་པར་གྱི་ཨང་གྲངས་མགོ་ལ།།
དགའ་རོགས་མའི་མིང་ཡིག་བྲིས་འདུག །
ཤེས་ན་ཡང་མ་ཤེས་ཁུལ་གྱིས།།
ཨ་རོགས་ཁྱོད་སུ་ཡིན་དྲིས་པས།།
དགའ་རོགས་མ་ཐུགས་རྒྱལ་བཞེངས་ནས།།
པ་མགོ་ཞེས་ང་ལ་སྡིགས་སོང་།།
སྐུ་ཞབས་ལགས་དགོངས་པ་མ་ཚོམས།།
སུ་ཞིག་ལ་གཏོང་གི་ཡོད་དམ།།
ཁ་པར་གྱི་ཨང་གྲངས་ནོར་འདུག །
དགོངས་དག་ངང་ཁ་པར་བཀག་ཡིན།།
སྐར་མ་གཅིག་ཙམ་ཡང་མ་འགོར།།
ཏིར་སྒྲ་སླར་ཡང་དུ་གྲགས་སོང་།།
བླངས་ན་ཆུང་མ་ཡིས་ཤེས་འགྲོ །
མ་བླངས་དགའ་རོགས་མ་སྡུག་འགྲོ།།
ཅི་ཞིག་བྱུང་ན་བྱུང་བསམས་ནས།།
ཁ་པར་ཁ་རྣ་ཁ་ལ་གཏད་དེ།།
ངག་སྐད་འདར་འདར་གྱི་ངང་ནས།།
ཨ་རོགས་བདེ་མོ་ཞེས་དྲིས་ཡིན།།
ཕ་རོ་ཁ་པར་ཞིག་བཏང་ན།།
སྐད་ཆ་མི་བཤད་པ་ཅི་རེད།།
སྐྱག་པ་ཤོར་དུས་སུ་མ་གཏོགས།།
གསང་སྤྱོད་མི་དྲན་པ་ཅི་རེད།།
དགའ་རོགས་མའི་སེམས་ཀྱི་མེ་ལ།།
མར་ཁུ་ཞིག་བླུགས་པ་འདྲ་བའི།།
ཞེ་སྡང་གི་མེ་ལྕེ་འབར་པས།།
བདག་གདོང་ནས་རྔུལ་ཆུ་བཞུར་སོང་།།
དགའ་རོགས་མས་ཁོང་ཁྲོའི་ངང་ནས།།
ཆུང་མ་ལ་དེ་འདྲས་སྐྲག་ན།།
ངེད་གཉིས་ཀྱི་འབྲེལ་བ་གཅོད་ཆོག །
དེ་མིན་ན་དུས་དགོང་ཤོག་ཟེར།།
ཡོང་ཟེར་ནས་བརྡ་ལན་མ་བྱིན།།
མི་ཡོང་ཞེས་སྐད་ཆ་མ་བཤད།།
དེ་མ་ཐག་ཁ་པར་བཀག་པས།།
ལག་པ་གཉིས་འདར་འདར་ཐུག་སོང་།།
ཆུང་མ་ཡིས་སུ་རེད་ཟེར་ནས།།
རྟིང་འདྲི་དང་ཚ་འདྲི་བྱས་སོང་།།
དགའ་རོགས་རེད་བཤད་ཐབས་མེད་པས།།
སྦྱིན་བདག་རེད་བཤད་དགོས་ཐུག་སོང་།།
སང་ཉིན་ནས་དགའ་རོགས་མ་ལ།།
སྐད་ཆ་ཞིག་བཤད་སྲོལ་མེད་ལ།།
རེ་འདོད་ཡང་ཞུ་སྲོལ་མེད་པས།།
སྟུ་ཆུང་ལག་མཐིལ་ནས་ཤོར་སོང་།།
Tags:
———
Back