སྟོན་མཇུག་གི་བརྡ།

22/07/2014 17:28

        སྟོན་མཇུག་གི་བརྡ།


སྐམ་པོའི་ལོ་མ་དག་གིས་སྐྱོ་མདོག་སྟོན།།

ཚ་ལྡན་ཉི་མའི་འོད་ཟེེར་ཉམས་པ་འདྲ།།

ལྷུང་བའི་ལོ་མས་ས་ནས་ཤག་སྒྲ་འབྱིན།།

སྡོང་མགོའི་བྱིའུ་ཆུང་དག་ཀྱང་འཕུར་བ་འདྲ།།



དཔྱིད་དུས་ལང་ཚོ་མཛེས་བྱེད་ཚོམ་བུ་དག །

དྲི་བཞོན་བུ་མོས་རྒྱན་དུ་བརྐུས་ཤིང་བྲོས།།

དབྱར་སྐྱེས་འབྲས་བུ་བཅུད་དུ་སྨིན་པ་ཡང་།།

སྟོན་མཇུག་རླུང་གི་སེན་མོས་གཤགས་པས་སྐམ།།



ད་ནི་ཡོད་པ་དག་ཀྱང་མེད་པ་དང་།།

ངེས་པའི་དངོས་པོ་རང་ལ་མ་ངེས་པའི།།

སྲོག་ལྡན་སྲོག་མེད་དག་གི་ཆོས་ཉིད་ནི།།

སྟོན་མཇུག་ལོ་མ་ལྷུང་བ་དག་གིས་སྟོན།།



༡༧/༡༡/༡༣

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།