ཟབ་མོ་དོན་གྱི་གཞས་ཚིག་བདག་གིས་འབྲི།།   སྙན་མོ་དབྱངས་དང་སྦྱར་ནས་ཁྱོད་ཀྱིས་ལོངས།།

གཞས་ཚིག་གླིང་ཀ

བོད་རྒྱ་མཛའ་མཐུན།

03/07/2011 10:27
སྟོད་ན་གངས་རི་དཀར་པོའི་དབུ་འཕངས་མཐོ།། སྨད་ན་མཚོ་མོ་རང་འཁྱིལ་འཕེལ་ཁ་རྒྱས།། གངས་རི་དཀར་པོ་གཡུ་འབྲུག་འཁྱུག་ས་ཡིན།། མཚོ་མོ་རང་འཁྱིལ་རྨ་སྒྲོ་ཕུག་ས་རེད།། གངས་དང་མཚོ་མོ་འདྲ་བའི་བོད་རྒྱ་གཉིས།། རྨ་འབྲུག་སེམས་པ་ལྟ་བའི་མཛའ་མཐུན་ཤོག...
>>

ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།

02/07/2011 00:27
ང་ཡི་སྐྱེས་ཡུལ་གངས་ལྗོངས་ཕྱུག་མོ་ཡིན།། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན།། མ་ཎི་ཡིག་དྲུག་དབྱངས་རྟ་ཐོས་ས་ཡིན།། ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།། ང་ཡི་བཙན་པོ་སྲོང་བཙན་སྒམ་པོ་ཡིན།། བཅུ་དྲུག་གཙང་མས་རྒྱལ་ཁབ་ཆོས་བཞིན་བསྐྱངས།། སྲིད་ཀྱི་འཁོར་ལོ་མཐའ་བཞིའི་དབུས་སུ་བསྐོར།། ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།། ང་ཡ
>>

མཚན་གུང་གི་མཛའ་གཞས།

01/07/2011 20:32
དཀར་གསལ་ཟླ་འོད་མཚོ་ལ་བཏབ་པས།། མེ་ཏོག་ཆུང་ཆུང་འཛུམ་ཁ་ཕྱེས་སོང་།། ང་དང་ཞེ་མཐུན་གངས་དཀར་སྒྲོལ་མའི།། སྔོན་གྱི་ལས་འཕྲོ་ད་དུང་ལྷག་ཡོད།། སེམས་ཀྱི་སྙིང་གཏམ་ཁྱོད་ལ་བཤད་ན།། གངས་དཀར་སྒྲོལ་མས་མིན་མིན་མ་གསུངས།། འཇིག་རྟེན་མི་ཡི་ལམ་ཕྲེང་འདི་ནས།། ངེད་གཉིས་ལས་ཀྱིས་མཇལ་དགོས་བྱུང་སོང་།། ཁྱོད་ཀྱི་བརྩེ་བའི་མིག་ཆུ་དྭང
>>

བུ་མོ་སྒྲོལ་མ།

01/07/2011 20:25
བུ་མོ་སྒྲོལ་མའི་ལང་ཚོ་གངས་ཡིན།། གངས་ལྷ་མེ་ཏོག་འདབ་མ་བཀྲ་ཡོད།། མཛེས་པའི་འདབ་མ་རླུང་ལ་མ་བསྐུར།། རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།། བུ་མོ་སྒྲོལ་མའི་དམ་བཅའ་རྡོ་ཡིན།། རྡོ་ལ་མ་ཎི་ཡིག་དྲུག་བརྐོས་ཡོད།། མ་ཎི་དྲུག་མའི་དབྱངས་རྟ་མ་འགག...
>>

རྒྱང་རིང་གི་མཛའ་མོ།

01/07/2011 20:21
  མ་མཇལ་རྒྱང་རིང་གི་མཛའ་མོ། དྭངས་གསལ་མཚོ་ངོགས་ཀྱི་ཟླ་བ། ཟླ་བར་འོད་ཁ་དེ་མེད་ཀྱང་། མཛའ་མོ་བདག་སེམས་ནས་འོད་འཚེར་འཚེར། མ་མཇལ་རྒྱང་རིང་གི་མཛའ་མོ། མཐོན་པོ་སྤྲིན་གསེབ་ཀྱི་ཉི་མ། ཉི་མར་དྲོད་རླབས་དེ་མེད་ཀྱང་། མཛའ་མོ་བདག་སེམས་ན་དྲོད་ལམ་ལམ། མ་མཇལ་རྒྱང་རིང་གི་མཛའ་མོ། རྫ་རི་བྲག་ཞབས་ཀྱི་གཙང་མོ། གཙང་མོ་བཅུ་ར
>>

ཆོལ་ཁ་གསུམ་གྱི་སྤུན་ཟླ།

01/07/2011 20:18
                                              ...
>>

ང་ཡི་ཀ་ཁ་ང་ཡིས་སྦྱང་ཆོག

24/06/2011 22:52
ཁྱོད་ནི་བདག་གི་བླ་མ་མ་རེད།། ང་ནི་ཁྱོད་ཀྱི་བདུད་བྱ་མ་ཡིན།། ཁྱོད་ཀྱི་ལམ་སྟོན་བདག་ལ་མི་མཁོ།། ང་ཡི་མདུན་ལམ་ང་ཡིས་བཙལ་ཆོག །   ཁྱོད་ནི་ང་ཡི་དགེ་རྒན་མ་རེད།། ང་ནི་ཁྱོད་ཀྱི་སློབ་མ་མ་ཡིན།། ཁྱོད་ཀྱི་སློབ་གསོ་བདག་ལ་མི་མཁོ།། ང་ཡི་ཀ་ཁ་ང་ཡིས་སྦྱང་ཆོག...
>>
<< 1 | 2

གཞས་ཚིག་གླིང་ཀ

Date
By
Subject

ཡུན་རིང་འགོར།

གུས་པའི་དྲ་ཚིགས་འདི་སྒོ་ཕྱེ་མ་ཐུབ་པར་ལོ་འགའ་ཤས་འགོར་སོང་། དེ་རིང་སྒོ་ཕྱེ་ཐུབ་སོང་།

Date
By
Subject

1Lmanamkga

ལོ་ད་ལོ་རྟེན་འབྲེལ་བཟང་པོ་རེད། །
མགོན་བླ་མའི་དགུང་གྲངས་བརྒྱད་ཅུར་བཞེས། །
འབངས་སློབ་བུའི་བཅོས་མིན་དད་པའི་ངང་། །
རྗེ་བླ་མར་བཀྲ་ཤིས་རྟེན་འབྲེལ་ཞུ། །

Date
By
Subject

དགའ་བསུ་ཞུ།

འཁྱོག་བྲལ་རྡོ་རྗེ་ལགས་ཕེབས་པར་དགའ་བསུ་ཞུ།

Date
By
Subject

མགྱོགས་བྲིས །

ང་ཡི་བླ་མ་ཡིད་བཞིན་ནོར་བུ ། །
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ ། །
ང་ཡི་བླ་མ་སྤྱན་རས་གཟིགས་དབང་ ། །
ངི་ཡི་བླ་མ་ཐམས་ཅད་མཁྱེན་པ ། །

Date
By
Subject

ཀུ་རེ །

ང་ཡི་བླ་མ་ཀུན་དགའ་ལེགས་པ ། །
ང་ཡི་བླ་མའི་གསུང་དབྱངས་སྙན་མོ ། །
ང་ཡི་བླ་མའི་ཡོན་ཏན་ཐ་དག །
ང་ཡིས་བརྗོད་ན་ཚར་བར་མི་འདུག །

Date
By
Subject

དགའ་ཡོད།

ཤར་རླུང་དམར་པོ་སྙན་ངག་གྲོང་ཁྱེར་དུ་ཕེབས་བར་སེམས་གཏིང་ནས་དགའ་ཡོད།

Date
By
Subject

ང་ཡི་རྩ་བའི་བླ་མའི་བདེ་ལྡན་ཞིང་ལ་འདྲིན་རོགས།

ཐོབ་དཀའ་མི་ལུས་རིན་ཆེན། ད་ཐེངས་ཐང་གཅིག་རྙེད་རུང་། མི་གཤིས་མེད་པས་ཀློ་ཀློའུ། མདའི་བུ་གཅིག་འཕྲོག་སོང་། ང་ཡི་རྩ་བའི་བླ་མའི་བདེ་ལྡན་ཞིང་ལ་འདྲེན་རོགས། ༢༠༠༨་ལོ་འདས་པོ་ཡོངས་ལ་ཕུལ།

Date
By
Subject

དགའ་བསུ་ཞུ།

ཤར་རླུང་དམར་པོ་སོགས་ངའི་སྙན་ངག་གི་གྲོང་ཁྱེར་དུ་ཕེབས་པ་སེམས་གཏིང་ནས་དགའ་ཡོད།

Date
By
Subject

ཆོས་དད་རང་དབང་།

བླ་མ་རིག་རིག་ཚང་མ་མཇལ་གི་མེད། ང་ལ་ཆོས་དད་རང་དབང་ཡོད། ང་ཡི་དད་མོས་རང་དབང་སྒེར་གཅོད་པ་ལ་མི་དབང་ ཆོས་ལུགས་དད་མོས་རང་དབང་སླང་ཤོག

Date
By
Subject

གཞས་ཚིག

གཞས་ཚིག་འདིའི་མཇུག་རྫོགས་ཡོད་དམ།

1 | 2 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།