སེམས་ཀྱི་སྐད་ཆ་གསལ་བྱེད་ཚིག་གིས་འབྲི།། སྙིང་གི་དུངས་པ་སྙན་པའི་དབྱངས་ལ་སྦྱོར།།

དབྱངས་གསལ་སོ་བཞི་རང་གི་སྲོག་དང་བསྡོས།། བོད་སྐད་དག་མ་ཞིག་གི་སྙན་ངག་འབྲི།། 

སྙན་ངག་གི་གྲོང་ཁྱེར།

ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས།

24/06/2011 23:00
རི་ཚོགས་མང་པོའི་འཕྲེང་བ་བསྟེར་བས་མདུན་ལ་བལྟ་བའི་མཐོང་བ་བཀག། གྱེས་གདུང་རལ་གྲི་སྙིང་ལ་ཟུག་པས་མིག་གི་མཆི་མ་ས་ལ་བྲུད།། ལོ་མང་འགོར་ཡང་མཇལ་ཐབས་མེད་སོང་བདག་ལ་བརྩེ་བའི་དྲིན་ཆེན་མ།། ས་མཐའི་ཡུལ་ལྗོངས་སྐྱ་བོའི་ཁྲོད་ནས་བདེ་བར་སྡོད་པའི་བུ་ཡིས་དྲན།། ཉིན་མ་ཟླ་བའི་སེམས་ཀྱི་མིག་ཆུ་ལོ་མང་འཁོར་བའི་མཚོ་ལ་འདྲེས།།...
>>

སྙན་ངག་འབྲི།

24/06/2011 22:58
སེམས་ཀྱི་སྐད་ཆ་གསལ་བྱེད་ཚིག་གིས་འབྲི།། སྙིང་གི་དུངས་པ་སྙན་པའི་དབྱངས་ལ་སྦྱོར།། དབྱངས་གསལ་སོ་བཞི་རང་གི་སྲོག་དང་བསྡོས།། བོད་སྐད་དག་མ་ཞིག་གི་སྙན་ངག་འབྲི།། ཕྱི་ལ་འཁྱམས་པའི་སེམས་པ་བོད་པ་འཁོར།། བོད་པའི་དཀའ་སྡུག་སྐྱོ་གསུམ་གླིང་ལ་བསྒྲགས།། ཕྱི་ནང་བོད་མིའི་ལག་རྡང་གཅིག་ཏུ་སྦྲེལ།།...
>>

ཨ་མ་ལགས།

24/06/2011 22:56
རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན་ཞིང་། གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས་པའི་དེ་རིང་། ཨ་མ་ལགས། ངས་ཁྱོད་ཤིན་ཏུ་དྲན། ཉིན་མ་དང་ཟླ་བ་འདས་ཤིང་། ལོ་དང་ལོ་འཁོར་བའི་ཉིན་ཞགས་ཀྱི་འཁོར་སྐྱོད་བར་ནས། ཨ་མ་ལགས། ཁྱོད་ཀྱིས་ཀྱང་ང་ཅི་ཙམ་དྲན་པ་མེད་དམ། ཨ་མ་ལགས།...
>>

མཚན་གུང་གི་མཛའ་གཞས།

23/06/2011 22:05
དཀར་གསལ་ཟླ་འོད་མཚོ་ལ་བཏབ་པས།། མེ་ཏོག་ཆུང་ཆུང་འཛུམ་ཁ་ཕྱེས་སོང་།། ང་དང་ཞེ་མཐུན་གངས་དཀར་སྒྲོལ་མའི།། སྔོན་གྱི་ལས་འཕྲོ་ད་དུང་ལྷག་ཡོད།།   སེམས་ཀྱི་སྙིང་གཏམ་ཁྱོད་ལ་བཤད་ན།། གངས་དཀར་སྒྲོལ་མས་མིན་མིན་མ་གསུངས།། འཇིག་རྟེན་མི་ཡི་ལམ་ཕྲེང་འདི་ནས།།...
>>

འཁྲིག་སྤྱོད་དམར་པོ།

23/06/2011 22:03
མཛེས་པའི་ཞལ་རས་ཐོག་མར་མཐོང་དུས་མིག་ལ་སྒྱུ་མའི་འཕྲུལ་བ་བྱིན།། འཇམ་མཉེན་ལག་པར་ཐེངས་གཅིག་འཇུས་པས་སེམས་ལ་འདོད་པའི་མེ་རོ་སྦར།། ཚིག་གསུམ་བཤད་པའི་སྐད་ཆའི་བར་ནས་བརྩེ་བའི་སེམས་པ་ཁོག་ནས་དྲངས།། ཐེངས་གཅིག་འགྲོགས་པའི་དུས་ཡུན་ཁྲོད་ནས་བདག་གི་ཡོད་ཚད་ཁྱོད་ལ་ཤོར།།...
>>

བདག་དང་དཔྱིད་ཀ

23/06/2011 22:02
བདག་གི་མགོ་བོ་རུམ་ལ་བཅུག་ནས་སྟོན་གསུམ་འབྲུག་གི་སྐད་མ་གོ ། ལྟ་བྱེད་མིག་གཉིས་གཉིད་དུ་གཡེར་ནས་དགུན་གྱི་ཁ་བའི་མདངས་མ་མཐོང་།། ལེ་ལོ་སེམས་པ་སྒྱིད་དུ་ལུག་ནས་དབྱར་སྐྱེས་ཁུ་བྱུག་གསུང་མ་ཐོས།། དེ་རིང་གློ་བུར་ཕྱི་ལ་བལྟས་ཚེ་དཔྱིད་ཀྱི་དཔལ་ཡོན་ཤར་ནས་བསླེབས།།...
>>
All articles

Items: 201 - 206 of 206

<< 17 | 18 | 19 | 20 | 21

སྙན་ངག་གི་གྲོང་ཁྱེར།

Date
By
Subject

ཕྲིན་བརྩོམ།

ལྷན་སྐྱེས་ཡོངས་ལ་ཐོག་མར་བཀྲ་ཤིས་ཞུ་རྒྱུ།།

Date
By
Subject

བདེ་མོ་རྒན་ལགས།

རྒན་ལགས་ཀྱི་སྙན་རྩོམ་དེ་ཚོ་རེ་རེ་བཞིན་བདའ་ནས་རེ་རེ་བཞིན་ཀློག་ཡིན།

Date
By
Subject

རྟེན་འབྲིལ་ཞུ།

སྙན་དངགས་ཡག་པོ་བྲིས་འདུག་ལ་ ལྷག་པར་དུ་སྟུ་མཇེ་གཉིས་ཀྱི་ཁ་རྩོད་ནི་དེ་ལས་ཀྱང་ཡག་གི།
མུ་མཐུད་ནས་ཕྱིས་རོགས།

Date
By
Subject

Re: རྟེན་འབྲིལ་ཞུ།

ལེགས་སོ།

Date
By
Subject

Re: Re: རྟེན་འབྲིལ་ཞུ།

སྒྲོལ་མ་ལགས། ཕེབས་པར་བཟང་།

Date
By
Subject

Re: Re: རྟེན་འབྲིལ་ཞུ།

སྙན་ངག་གྲོང་ཁྱེར་ཐུག་པའི་སྙིང་འགྲོགས་ལགས།།པད་ཚལ་གང་ལ་ཞུགས་ཀྱང་བདེ་ཡོད་དམ།།རྒྱ་ཁྱོན་ནམ་མཁར་ཕུར་འགྲོ་རྐང་ དྲུག་ང་།།པད་ཚལ་གླིང་དུ་ཡོང་བའི་རེ་བ་བརྒྱ།།དམུས་ལོང་རང་ གིས་ཆུ་སྐྱེས་མ་མཐོང་ཡང་།།སྙན་ངག་གྲོང་ཁྱེར་ལམ་དུ་དྲི་མ་ ཚོར།།དྲི་མ་མངར་ཞིམ་འདི་ལྟར་ཞལ་འཛུམ་ཡང་།།སྲིད་འདི་དཔེ་མེད་ཡིན་འདྲ་རང་གིས་བསམ།།

Date
By
Subject

Re: རྟེན་འབྲིལ་ཞུ།

འབའ་སྲས། མཇེ་སྟུ་ཡི་རྩོམ་ལས་མཇེ་དང་སྟུ་གཉིས་ཡག་གི་འདོད།

Date
By
Subject

ཕེབས་པ་ལགས།

རྣམ་པ་གཉིས་ཕེབས་ནས་དགོངས་ཚུལ་བཟང་བ་ལེགས། ཡང་ཡང་ཕེབས་ནས་ངལ་གསོ་གནང་རོགས།

Date
By
Subject

Re: ཕེབས་པ་ལགས།

ངོ་མ་བྱས་ན་ངའི་ཚིག་དེར་ལན་ཞིག་གནང་བའི་རེ་བརྒྱབ་པ་ཡིན།

Date
By
Subject

Re: Re: ཕེབས་པ་ལགས།

ངའི་སེམས་ཚོར་དང་རྟོག་བཟོའི་སྙན་ངག་ལ་སུས་ཀྱང་ངོ་རྒོལ་བྱ་མི་སྲིད། ངས་ཆུང་མའི་རུམ་ནས་སྙན་ངག་འདི་དག་བྲིས་པ་ཡིན་ལ། ངའི་སྙན་ངག་ཀློག་མཁན་ཐོག་མ་དེ་ཡང་ངའི་ཆུང་མ་འོ།།

1 | 2 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།