ངེད་ཀྱི་སྐོར།

ཟིན་བྲིས་པ།

ཟིན་བྲིས་པ།
དངོས་མིང་བསམ་གཏན་རྒྱ་མཚོ་དང་། སྙུག་མིང་འབའ་སྲས། མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས་འབའ་ཁ་སྒང་ཞེས་པའི་གྲོང་སྡེ་རུ་སྐྱེས། རང་ལོ་དགུ་བ་ཙམ་ནས་གྲོང་པའི་སློབ་གྲྭ་དང་རིམ་པས་གྲྭ་བའི་ཆོས་ར་ཡང་འགྲིམས་ མྱོང་ལ། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་། སྔ་རྗེས་སུ་བཙུན་མའི་དགོན་པ་དང་།...
>>

ངེད་ཀྱི་སྐོར།

Date
By
Subject

ཨ་ཁུ་

ཡག་པོ་གདའ།

Date
By
Subject

Re: ཨ་ཁུ་

གནམ་ཟླ་སྟོན་ཀ་སླེབས་སོང་།། བྱ་ཁྱུ་རྒྱང་ལ་འཕུར་སོང་།།སྟོན་རླུང་གཡུགས་ཐེངས་གཅིག་གིས།།སེམས་པ་རྡོ་ལས་འཁྱགས་སོང་།།

Date
By
Subject

ཁྱེད

དེང་སྐབས་ང་རང་སློབས་སྦྱོང་དང་ཡིག་ཚད་མང་རྐྱེན་དྲ་ཐོག་ཏུ་དེ་འདྲ་མང་པོ་སླེབས་ཐུབ་ཀྱི་མི་འདུག སེམས་པ་འདི་ཐང་ཆད་ཡོད་དུས་ཁྱེད་ཀྱིས་བྲིས་པའི་སྙན་ངག་ཁ་ཤས་བཀླགས་ན་སེམས་སུ་སྤྲོ་སྣང་སྟེར་བ་འདྲ་ཞིག་རེད།དེ་ང་གཅིག་བུ་མ་རེད་མི་དུ་མ་འདུག་ཡ། ཁྱེད་ཀྱི་དྲ་ཚིག་འདིའི་ནང་དུ་རྩོམ་བསྐུར་ན་འགྲིག་གམ།

Date
By
Subject

Re: ཁྱེད

བཀའ་ཤིས་དོན་འགྲུབ་ལགས། འདིར་བསླེབས་པར་བཀའ་དྲིན་ཆེ། གནས་སྐབས་སུ་གཞན་རྩོམ་འགོད་སའི་ས་དམིགས་ཁྱད་དུ་མེད་རྐྱེན་འགོད་ཐབས་མེད། མི་འགྱངས་པར་ས་དམིགས་ཤིག་བཟོ་ཐུབ་ལ་བརྩོན་རྒྱུ་ཡིན།

Date
By
Subject

བརྗོད་འདོད་པའི་སྐད་ཆ།

ཁྱེད་ཀྱི་སྒེར་གཉེར་ཕ་སྐད་གཙང་མའི་ཟིན་བྲིས་ཤིག་ཡོད་པ་གོ་ཡང་མིག་གིས་མཐོང་བ་དེ་རིང་ཡིན་ཡ།

Date
By
Subject

སྐུ་བདེ་རྒན་ལགས།

དེ་རིང་རྒན་ལགས་ཀྱི་སྙན་ངག་གི་གྲོང་ཁྱེར་ནང་འཆམ་འཆམ་ལ་སོང་ནས།སྐྱིད་ཐ།ལེན་རོགས་མ་ལོན་ཐ་ལ་གཞས་ཞིག་བཞག་ཡོད།ན་ཆུང་རྩེར་ར་ན།སྐུ་བདེ།།

Date
By
Subject

Re: སྐུ་བདེ་རྒན་ལགས།

སོག་མདའ་ལགས་འདིར་ཕེབས་པའི་རྐང་རྗེ་མཐོང་བས་དགའ་ཡོད།

Date
By
Subject

སྟག་ཁ་ཟས་སློང་མཁན་ཞིག་ཡིན

རྒན་ལགས།འདི་ལྟར་སྣང་མེད་དུ་མ་བཞག་པར་སྐད་ཆ་རེ་བཤད་པ་ཧ་ཅང་གསོ་ཐ།ལྷག་པར་དུ་ཉིད་ཀྱི་རྩོམ་ཡིག་ཁ་ཤས་པར་ཀློག་བརྒྱབ་ནས་སློབ་ཕྲུག་ཚོ་ལ་བཀྲམ་པ་ཡིན་ད།ཚང་མ་གསོ་ནས་ཁ་ཡང་བཙུམ་ཐུབ་ཀི་མི་འདུག།ངས་སྐབས་དེར་ང་ཚོ་སྐད་ཡིག་ཆོས་ཚིག་གཅིག་པོ་རེད་བསམ་པའི་ཁྱེད་ཅག་ཀུན་སློང་དེ་དེ་རིང་སྨག་མེད་དུ་བཏང་སོང་ཨ།ཟེར་དུས་མང་བོས་ཡང་ཡང་ཀློག་ཞོར་རྩོམ་བདེ་མོ་ཞིག་འདུག་ལ་འདི་ལྟར་བྲིས་ན་བོད་སྐད་ཡིག་ཀློག་འདོད་ཆེ་རབ་བཤད་ཀི།འདི་ནི་དེང་སང་གི་མིའི་སེམས་བློ་དང་འཚམས་པའི་དོ་སྣང་སྤྲད་སྟངས་ཤིག་ཡིན་པས།ངས་ཉིན་ཞིག་ཚིགས་བཅད་རེ་རེ་ཚིག་ལྷུག་ཏུ་བཟོས་རེ་བཞག་པ་ཡིན་ལ་ཁོ་ཚོས་དགའ་སྣང་གིས་བསྒྲུབ་གིན་འདུག།འདི་ཡོད་ཚད་ཁྱེད་ཀྱི་བཀའ་དྲིན་ཡིན།དེ་རིང་ཡང་གཅིག་པར་ཀློག་བརྒྱབ་ནས་སོང་བ་ཡིན།དེའི་སྐབས་ཀྱི་ཚོར་བ་རྗེས་ནས་གླེང་ཆོག།ད་བདེ་མོ་བྱོས།རྗེས་མར་མཇལ་ཡོང་།

Date
By
Subject

Re: སྟག་ཁ་ཟས་སློང་མཁན་ཞིག་ཡིན

འོ་ལེགས་སོ།། དེས་ན་དགའ་བསུ་ཞུ། ངས་བྲིས་པའི་སྙན་ངག་ལས་ཡག་ཤོས་དང་རྩེ་ཕུལ་དེ་གང་དང་གང་རེད། ངའི་རྩོམ་ཡིག་རྣམས་སློབ་མར་བཀྲམས་ནས་སློབ་མ་རྣམས་ལོག་ལམ་དུ་ཁྲིད་མི་ཉན་ཡ།

Date
By
Subject

སེམས་སུ་སྦི་རག་དཀར་ཡོལ་གང་འཐུང་བ་ལྟ་བུའི་སྤྲོ་སྣང་ཞིག་འཕྱུར།

བརྩེ་བའི་རྒན་ལགས།སྐུ་ཁམས་བཟང་ངམ།དེ་རིང་སློབ་ཁྲིད་བར་གསེང་ནས་དྲྭ་ངོས་བརྒྱུད་ཉིད་ཀྱི་ཁྱིམ་གཞི་ཆེན་པོ་འདིར་ཐུག་འཕྲད་བྱུང་བས་ཧ་ཅང་དགའ་བོ་བྱུང་ལ།ལྷག་པར་དུ་རྒན་མཆོག་ནས་ས་ཧྥ་རན་སིས་ནས་འདི་ལྟར་སྙན་ངག་གི་ཁྱིམ་གཞི་ཞིག་བསྐྲུན་པ་ཧ་ཅང་དགའ་བོ་བྱུང་ལ།ལྷག་པར་དུ་ཉོབ་སྣང་ཁེངས་ཡོད་དུས་འདིར་སླེབས་རྗེས་ང་ལ་སྦི་རག་དཀར་ཡོང་གང་འཐུང་བ་ལྟ་བུའི་སྤྲོ་སྣང་ཞིག་གིས་བཟི་བར་བྱས་སོང།ཐུགས་རྗེ་ཆེ།དགེ་རྒན་བཀའ་དྲིན་ཅན་པོ།འདི་ལྟར་མུ་མཐུད་ནས་༌༌༌༌༌༌༌༌༌༌༌༌

<< 1 | 2 | 3 | 4 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།