ངེད་ཀྱི་སྐོར།

ཟིན་བྲིས་པ།

ཟིན་བྲིས་པ།
དངོས་མིང་བསམ་གཏན་རྒྱ་མཚོ་དང་། སྙུག་མིང་འབའ་སྲས། མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས་འབའ་ཁ་སྒང་ཞེས་པའི་གྲོང་སྡེ་རུ་སྐྱེས། རང་ལོ་དགུ་བ་ཙམ་ནས་གྲོང་པའི་སློབ་གྲྭ་དང་རིམ་པས་གྲྭ་བའི་ཆོས་ར་ཡང་འགྲིམས་ མྱོང་ལ། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་། སྔ་རྗེས་སུ་བཙུན་མའི་དགོན་པ་དང་།...
>>

ངེད་ཀྱི་སྐོར།

Date
By
Subject

Re: སེམས་སུ་སྦི་རག་དཀར་ཡོལ་གང་འཐུང་བ་ལྟ་བུའི་སྤྲོ་སྣང་ཞིག་འཕྱུར།

སྟག་རྒོད་པོ་ངའི་སྙན་ངག་གི་གྲོང་ཁྱེར་དུ་ཕེབས་པར་དགའ་བསུ་ཞུ། ཡིན་ཡང་། གྲོང་ཁྱེར་འདིར་སྟག་རྒོད་ཅིག་ལ་དགོས་ངེས་ཤིག་ཡོད་མེད་མི་ཤེས།

Date
By
Subject

གསལ་འདེབས།

སྦྲ་དུངས་སེམས།
རྨ་ཆུ།
ཁྱོད་སུ་ཞིག་གིས་མི་ཡུལ་དུ་བསྐྲུན་པ་ཡིན།
ཁྱོད་མི་ཡུལ་ལ་ཐོན་ནས་ལོ་རྒྱུས་ག་ཙམ་ཡོད།
རྨ་ཆུ།
ཁྱོད་བཞུར་ཐག་གི་ལེ་བར་ཇི་ལྟར་རིང་།
རྨ་ཆུ།
གང་ལྟར།
ངས་ཁྱོད་ལ་འདྲི་འདོད་ཀྱི་དྲི་བ་མང་བོ་ཞིག་ཡོད།

རྨ་ཆུ།
དེ་རིང་ཁྱོད་ཀྱི་ངོགས་འགྲམ་ནས།
ངས་སྙན་ངག་གྱེར་ན་འདོད།
ཁྱོད་ཀྱི་ངོགས་འགྲམ་ནས།
ངས་སྙན་ངག་གི་བརྗོད་བྱ་འཚོལ་ན་འདོད།
ཁྱོད་ཀྱི་ངོགས་འགྲམ་ནས།
གང་ལྟར་་་་་་་་་་་་་་

རྨ་ཆུ།
ཁྱོད་ཀྱི་རྦ་རླབས་དེས།
ལན་རེ་ང་ལ་འཚམས་འདྲི་བྱས་པ་དང་འདྲ།
ལན་རེ་མི་ཡུལ་དང་བྲལ་འདོད་ན།
ངས་རྗེས་སུ་ཤོག་ཟེར་བ་དང་མཚུངས།

འོན་ཀྱང་།
དེ་རིང་ཁྱོད་ཀྱིས་ང་ལ་སྟེར་བ་ནི།
བརྗོད་བྱ་མི་མཛེས་པའི་སྙན་ངག་ཡིན།
སེམས་པ་མུན་ནག་ལ་བསྐྱལ་བའི་སྐྱོ་གདུང་ཡིན།
ཞལ་ངོ་མི་མཛེས་པའི་ཁྲོ་ཉམས་ཡིན།
༢༠༡༢་༥་༢༧ཉིན་ཚེར་ནགས་སྡེ་བ་ཞེས་པའི་རོང་ཁྱིམ་ཞིག་ཏུ་བྲིས།

རྩོམ་ཡོངས་ཀློག་པ།(56) | ལན་སློག(0)


Date
By
Subject

Re: གསལ་འདེབས།

འཇིགས་མེད་ལགས་ཕེབས་ཏེ་བདག་གི་དྲ་ངོས་སུ་མཆན་རྩོམ་སྤེལ་བར་དགའ་བསུ་ཞུ།

Date
By
Subject

རྟེན་འབྲིལ་ཞུ།

རྒན་ལགས་ཀྱི་སྙན་ངག་ཆེས་སྙན་པོ་འདུག་ལ་
ང་རང་ཡང་འདི་ལྟར་བྲིས་ཐུབ་པའི་འབད་བརྩོནབྲེད་ཀྱིན་ཡིན་པས།
རྒན་ལགས་ཀྱི་ལམ་སྟོན་མང་ཙམ་གནང་རོགས།

Date
By
Subject

Re: རྟེན་འབྲིལ་ཞུ།

གངས་ཕྲུག་ཚེ་རིང་ལགས། ངའི་དྲ་ངོས་སུ་ཕེབས་པར་དགའ་བསུ་ཞུ། སྤྱིར་སྙན་ངག་པ་ཞིག་བྱ་འདོད་ན། ཐོག་མར་སྙན་ངག་གི་བསྟན་བཅོས་ཁག་ལ་སྦྱང་རྒྱུ་དང་། དེ་ནས་ཕུལ་བྱུང་སྙན་ངག་ཁག་བཀླག་དགོས། དཔེར་ན། རཱ་མ་ཎའི་རྟོགས་བརྗོད་དང་། སྤྲིན་གྱི་ཕོ་ཉ་ལྟ་བུ་ཀློགས། རིམ་པས་རང་གིས་སྙན་ངག་མང་ཙམ་འབྲི་རྒྱུར་འབད་དགོས། ཉུང་མཐའ་ལ་ཡང་གཟའ་འཁོར་རེར་སྙན་ངག་གཅིག་རེ་འབྲི་དགོས། དེ་དག་ཡང་ནས་ཡང་དུ་བསྐྱར་བཅོས་བྱ་དགོས། འདི་དག་ནི་རང་ཉིད་སྙན་ངག་པ་ཞིག་བྱ་ཐུབ་པའི་ཆ་རྐྱེན་དང་པོ་ཡིན། དེ་ལྟར་དུས་ཡུན་གང་མཚམས་ཤིག་ཕྱིན་རྗེས་སྙན་ངག་འབྲི་རྒྱུར་དཀའ་ངལ་མེད་ལ། གང་བྲིས་པ་དེ་ལ་བསྐྱར་བཅོས་ཀྱང་བྱེད་མི་དགོས་པའི་དུས་ཤིག་ལ་བསླེབ་ཐུབ། དེ་དུས་ཁྱེད་རང་སྙན་ངག་པ་ཞིག་ཏུ་གྱུར་ཟིན་པ་ཡིན།

Date
By
Subject

བཀྲ་ཤིས་བདེ་ལེགས་ཡོད།།

དགའ་སྤྲོའི་ངང་ནས་ཕེབས་བསུ་ཞུ་བ་དང་བཀྲ་ཤིས་བདེ་ལེགས་ཡོད་ལགས།།

Date
By
Subject

Tsod ta

Hihhihihihihihihihihihihi

Date
By
Subject

རྒན་ལགས།

རྒན་ལགས་ཁྱེད་ནི་ས་ཕྱོགས་གང་སུ་ཕེབས་ཀྱང་རང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་དུང་བ་ཟབ་མོ་འདི་འདྲ་ཡོད་པ་ང་ཧ་ལས་སོང་།

Date
By
Subject

བྱོན་པ་ལེགས།

སྙན་ངག་པ་ཐེ་བོ་ཤེས་རབ་རྒྱ་མཚོ་ལགས། ངའི་སྙན་ངག་གི་གྲོང་ཁྱེར་དུ་ཕེབས་པར་དགའ་བསུ་ཞུ། སླད་ནས་ཡང་ཡང་ཕེབས་ཏེ་ལེགས་བསྟོད་ཉེས་འགོག་གི་གསུང་བཤད་རེ་གནང་རོགས།

Date
By
Subject

རྟེན་འབྲེ་ཞུ།

སྐུ་ཉིད་ཀྱིས་རྩོམ་རིག་གི་ཞིང་ཁམས་སུ་འབོད་པའི་ས་ཧྥ་རན་སི་ནས་སྙན་ངག་གི་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱས་པར་ཞེ་ཐག་པ་ནས་རྟེན་འབྲེལ་ཞུ།

<< 1 | 2 | 3 | 4 >>

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།